ལྷུན་རྩེ་རྫོང་དམངས་སྲིད་ཅུས་ཀྱིས་རྫོང་གི་འགན་ལེན་ལྔའི་དུད་ཚང་སྲི་ཞུ་ལྟེ་གནས་ཀྱི་ཁྱིམ་ཆས་རྣམས་ཞིབ་བཤེར་རྩིས་ལེན་བྱས་པ།
ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
| 2015-08-05 17:50:57
འདི་ནི་ལྷུན་རྩེ་རྫོང་དམངས་སྲིད་ཅུས་ཀྱི་འགོ་ཁྲིད་ཀྱིས་ཁྱིམ་ཆས་སོགས་ལ་བརྟག་ཞིབ་བྱེད་པའི་གནས་ཚུལ་ཡིན་པ།
ལྷུན་རྩེ་རྫོང་གིས་འགན་ལེན་ལྔའི་དུད་ཚང་སྲི་ཞུ་ལྟེ་གནས་ཀྱི་སྒྲིག་ཆས་སྟེ་ཁྱིམ་ཆས་དང་། གཞུང་ལས་སྒྲིག་ཆས་ཀྱི་རིགས་རྣམས་སྲིད་གཞུང་གི་ཉོ་སྒྲུབ་བྱེད་ཐབས་སྤྱད་དེ་ཉོ་སྒྲུབ་བྱས་པ་བརྒྱུད། མིག་སྔར། སྒྲིག་ཆས་ཚང་མ་དམིགས་སར་འབྱོར་ཟིན་པ་མ་ཟད་སྒྲིག་སྦྱོར་ཡང་བྱས་ཟིན་པ་རེད།ཉེ་ཆར་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་དང་། ཅུས་ཀྲང་གཞོན་པ། རྫོང་ཉོ་སྒྲུབ་ལྟེ་གནས་ཀྱི་ལས་དོན་མི་སྣ་བཅས་ཀྱིས་མཉམ་དུ་སྲི་ཞུ་ལྟེ་གནས་སུ་ཉོ་སྒྲུབ་བྱས་པའི་སྒྲིག་ཆས་ལ་ཞིབ་བཤེར་རྩིས་ལེན་བྱས་པ་རེད།
འདི་ནི་ལྷུན་རྩེ་རྫོང་དམངས་སྲིད་ཅུས་ཀྱི་འགོ་ཁྲིད་ཀྱིས་ཁྱིམ་ཆས་སོགས་ལ་བརྟག་ཞིབ་བྱེད་པའི་གནས་ཚུལ་ཡིན་པ།
ཞིབ་བཤེར་རྩིས་ལེན་བྱེད་པའི་བརྒྱུད་རིམ་ནང་། དམངས་སྲིད་ཅུས་ཀྱི་འགོ་ཁྲིད་ཀྱིས་ཐོག་རྩེག་སྡོད་ཁང་དང་།ཟ་ཁང་།ཕྱོགས་བསྡུས་བྱེད་སྒོའི་ཐོག་རྩེག་ཁང་བཅས་ནང་གི་སྒྲིག་ཆས་ཚང་མར་ཞིབ་བཤེར་བྱས་པ་མ་ཟད།ཉལ་ཁང་ཚང་མའི་ནང་གི་ཁྱིམ་ཆས་དང་།སྒྲིག་ཆས། མལ་ཆས་བཅས་ཀྱི་སྤུས་ཚད་ཞིབ་བཤེར་བྱས་པ་རེད།ཉལ་ཁང་ནང་ཁྱིམ་ཆས་སྒྲིག་སྟངས་ལུགས་དང་མི་མཐུན་པའི་རིགས་ལ་དམངས་སྲིད་ཅུས་ཀྱི་འགོ་ཁྲིད་སྐུ་ངོ་མས་བཀོད་སྒྲིག་བྱེད་པ་དང་བསྒྲིགས་པ་མ་ཟད།སྤུས་ཚད་ཡག་པོ་མེད་པའི་ཐོན་རྫས་ཀྱི་རིགས་བརྗེ་པོ་བརྒྱབ་ནས་ཅ་ལག་མཁོ་འདོན་བྱེད་མཁན་གྱིས་རྒན་རྒོན་ལ་སྤུས་ཚད་མཐོ་བའི་དངོས་རྫས་མཁོ་འདོན་བྱེད་དགོས་པ་དང་།དུས་བཀག་ནང་ཅ་ལག་ལེགས་བཅོས་བྱེད་དགོས་པའི་བླང་བྱའང་བཏོན་པ་རེད།
མིག་སྔར། སྲི་ཞུ་ལྟེ་གནས་ཀྱི་ཐོག་རྩེག་ཉལ་ཁང་ནང་བརྙན་འཕྲིན་དང་། ཉལ་ཁྲི། ཅོག་ཙེ་ཆུང་བ། སྦག་ཅོག ཇ་དམ་སོགས་འཚོ་བའི་མཁོ་ཆས་ཆ་ཚང་ཡོད་པ་དང་།ཕྱོགས་བསྡུས་ཐོག་རྩེག་ཁང་ནང་ཐའེ་ཆིའུ་སྤོ་ལོའི་སྒྲོག་ཙེ་དང་།ཕིང་ཕང་སྤོ་ལོའི་སྒྲོག་ཙེ་དང་རྩེད་ཆས།ཞར་འཕེན་འཕྲུལ་འཁོར། བྱ་སྒྲོའི་སྤོ་ལོ་སོགས་ཆ་ཚང་ཡོད། ཟ་ཁང་ནང་དུའང་ཐུག་བཟོའི་འཕྲུལ་འཁོར་དང་། མོག་མོག་འཕྲུལ་འཁོར། རླངས་བཙོས་འཁོར་ལོ། ཇ་སྲུབ་འཕྲུལ་འཁོར། གློག་གི་བག་ལེབ་བཟོ་ས། སོས་ཉར་གྲང་ཉར་གྱི་གློག་སྒམ་སོགས་ཐབ་ཆས་སྣ་ཚོགས་ཆ་ཚང་པོ་ཡོད།ཕྱི་རོལ་དུ་གཡུ་ལྟར་སྔོ་བའི་སྤང་དང་རྩི་ཤིང་དང་།ཚལ་ཞིང་དང་མེ་ཏོག་ལྡུམ་ར། ཉི་འོད་བར་འཁྱམས། ལུས་སྦྱོང་ཡོ་བྱད། གློག་སྒྲོན་ལམ་སྒྲོན་སོགས་ཆ་ཚང་བ་མཁོ་འདོན་བྱས་ཡོད་པས་ལྷུན་རྩེ་རྫོང་གི་འགན་ལེན་ལྔའི་དུད་ཚང་ནི་དམངས་ཁྲོད་དུ་བདེ་བ་ཅན་གྱི་ཞིང་ཁམས་ཞེས་གྲགས་པ་ལས་ཀྱང་སྐྱིད་སྣང་དོད་པའི་ཁོར་ཡུག་ཅིག་ཏུ་གྱུར་ཡོད། ད་ཆ་སྲི་ཞུ་ལྟེ་གནས་ཀྱི་གཙང་སྦྲ་དང་ཟ་ཁང་གི་གྲ་སྒྲིག་ལས་ཀ་ཚང་མ་མཇུག་འགྲིལ་ཏེ་སྡོད་ཁང་གསར་པའི་ནང་དུ་སྤོ་རྩིས་ཡོད་པ་རེད།
འདི་ནི་ལྷུན་རྩེ་རྫོང་དམངས་སྲིད་ཅུས་ཀྱི་ལས་དོན་མི་སྣས་ཁྱིམ་ཆས་བསྒྲིགས་པ་དང་གཙང་སྦྲ་བྱེད་པའི་གནས་ཚུལ་ཡིན་པ།

གནམ་མཚོའི་
- ལྷུན་རྩེ་རྫོང་དམངས་སྲིད་ཅུས་ཀྱིས་རྫོང་གི་འགན་ལེན་ལྔའི་དུད་ཚང་སྲི་ཞུ་ལྟེ་གནས་ཀྱི་ཁྱིམ་ཆས་རྣམས་ཞིབ་བཤེར་རྩིས་ལེན་བྱས་པ།
- ལྷུན་རྩེ་རྫོང་གིས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཤུཌ་ཆེན་གཏོང་བ།
- ལྷུན་རྩེ་རྫོང་གྲོང་ཚོར་བཅའ་སྡོད་ཀྱིས་བཅའ་ཁྲིམས་དུད་ཁྱིམ་ཁྲི་ལ་དྲིལ་བསྒྲགས་བྱེད།
- ལྷུན་རྩེ་རྫོང་དུ“མི་རིགས་ལག་ཤེས་བཟོ་རྩལ”གྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།
- ལྷུན་རྩེ་རྫོང་སྤྱི་བདེ་མཐའ་སྲུང་རུ་ཆེན་གྱིས་དམག་ཞབས་ཐིམས་པའི་དམག་མི་རྙིང་པར་སྐྱེལ་མ་ཞུས་པ།

གལ་ཆེའི་གསར་འགྱུར།
-
《བོད་གསར་པ》ཞེས་པའི་དུས་དེབ་ནང་བློ་མཐུན་པད་མ་འཕྲིན་ལས་དང་བླ...
ཀྲུང་གོ་ཚན་རིག་ཁང་གི་ཀྲུང་གོའི་སྣོད་བཅུད་མ་ལག་ཞིབ་འཇུག་དྲ་...
རང་ལྗོངས་ཀྱིས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་གཅིག་སྡུད...
ད་ཕན་ལོ་ལྔའི་རིང་བོད་ཀྱི་འགན་བཅོལ་ལས་རིགས་ཀྱི་ཆ་སྙོམས་ལོ་ལ...
རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་ཆབ་སྲིད་ཅ...
བརྙན་མཐོང་།