ལྷུན་རྩེ་རྫོང་གིས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཤུཌ་ཆེན་གཏོང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-19 10:54:36

“ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་ལྷུན་རྩེ་རྫོང་གིས་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྲུན་ལ་དམ་འཛིན་བྱས་ནས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས་ཕན་འབྲས་བཟང་པོ་ཐོན་ཡོད།

རིག་གནས་མི་སྣའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཅིང་། ལྷུན་རྩེ་རྫོང་གིས་སྔ་རྗེས་སུ་དོ་དམ་མི་སྣ་32ཤང(གྲོང་རྡལ)རིག་གནས་ས་ཚིགས་སུ་བཀོད་སྒྲིག་བྱས་ནས་དམངས་ཁྲོད་ཀྱི་ལས་ཞོར་རིག་གནས་དྲིལ་བསྒྲགས་རུ་ཁག་འཕེལ་རྒྱས་གཏོང་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་པ་རེད། མིག་སྔར་རྫོང་དེ་ཡོངས་སུ་ལས་ཞོར་རིག་གནས་དྲིལ་བསྒྲགས་རུ་ཁག་81བཙུགས་ཡོད་པ་དང་། དུས་ཆེན་སྣ་ཚོགས་གཞི་རྟེན་དུ་བྱས་ནས་རིག་གནས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་རེད། དེ་དང་དུས་མཚུངས་ལྷུན་རྩེ་རྫོང་གིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་3247.27བརྩོན་ལེན་བྱས་ནས་ཁྲང་ཏེ་ཐང་ཆེན་དང་། མང་ཚོགས་ཀྱི་རིག་གནས་བྱེད་སྒོའི་ལྟེ་གནས(གློག་བརྙན་ཟློས་གར་ཁང)ཤིན་ཧྭ་དཔེ་ཚོང་ཁང་སོགས་བསྐྲུན་པ་མ་ཟད། ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་རིན་པ་མི་དགོས་པར་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་བ་དང“རྒྱལ་དར་ལ་གུས་འདུད་ཞུས་ནས་ཀུན་སྤྱོད་བཟང་བའི་མི་ཞིག་བྱེད”ཅེས་པའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་བས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་མགྲིན་གཅིག་ཏུ་བསྔགས་བརྗོད་ཐོབ་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།