ལྷུན་རྩེ་རྫོང་དུ“མི་རིགས་ལག་ཤེས་བཟོ་རྩལ”གྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-01-23 16:13:16


ལས་ཞུགས་དཀའ་ངལ་སྔར་བས་ཐག་གཅོད་བྱེད་པ་དང་།ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་འཇོན་ཐང་ཆེ་རུ་གཏོང་བ།ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱ་ཆེད།ཉེ་ཆར་ལྷུན་རྩེ་རྫོང་གིས་ལས་རིགས་སློབ་གསོའི་གསོ་སྦྱོང་གི་སྟེགས་བུ་ལེགས་པར་སྤྱད་དེ།རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་སྣེ་ཁྲིད་པ་དང་།སྡེ་ཚོགས་རྫོང་ཨུད་དང་རྫོང་ཞིང་ལས་གསར་སྤེལ་གཞུང་ལས་ཁང་གིས་ཐུན་མོང་ཐོག་2014ལོའི་ལྷུན་རྩེ་རྫོང་གི་ཞིང་འབྲོག་པའི“མི་རིགས་ལག་ཤེས་བཟོ་རྩལ”གྱི་རྩལ་ནུས་གསོ་སྦྱོང་བྱས་པ་རེད།


ཤེས་རྟོགས་བྱུང་བར་གཞིགས་ན།ད་རེས་ཀྱི་གསོ་སྦྱོང་ཁྱོན་དུས་ཐེངས་གཉིས་སུ་དབྱེ་བར་ཁྱོན་མ་དངུལ་སྒོར་ཁྲི་44.1བཏང་བ་དང་།གསོ་སྦྱོང་ནང་ཞུགས་མཁན་ལྷུན་རྩེ་རྫོང་གི་ཤང(གྲོང་རྡལ)11དང་སྲིད་འཛིན་གྲོང་ཚོ་80ཡི་ཞིང་འབྲོག་པ་250ལྷག་ཙམ་ཟིན་ཡོད་པ་རེད།གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ལིའུ་ཧྲེང་ཡུས་དང་།རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས།སྡེ་ཚོགས་རྫོང་ཨུད།རྫོང་ཞིང་ལས་གསར་སྤེལ་གཞུང་ལས་ཁང་།རྫོང་ལས་རིགས་སློབ་གསོ་ལྟེ་གནས་ཀྱི་སློབ་སྤྱི་སོགས་འབྲེལ་ཡོད་འགན་འཁུར་བ་ཞུགས་ཡོད་པ་རེད།ད་རེས་གསོ་སྦྱོང་གི་ནང་དོན་གཙོ་བོ་ཁ་གདན་འཐག་ལས་དང་།མི་རིགས་ཀྱི་གྱོན་ཆས་ལས་སྣོན།ཤིང་བཟོ།རི་མོ་འབྲི་བ།བལ་ཚོས་རྒྱག་པ་སོགས་རྩལ་ནུས་གསོ་སྦྱོང་ལ་ཁྱོན་སློབ་མ་85ཡོད་པ་རེད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།