ལྷུན་རྩེ་རྫོང་སྤྱི་བདེ་མཐའ་སྲུང་རུ་ཆེན་གྱིས་དམག་ཞབས་ཐིམས་པའི་དམག་མི་རྙིང་པར་སྐྱེལ་མ་ཞུས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-29 11:02:22

0.jpg

འདི་ནི་འཐབ་གྲོགས་ཀྱིས་དམག་ཞབས་ཐིམས་པའི་དམག་མི་རྙིང་པའི་དཔུང་རྟགས་བཀོག་རོགས་བྱེད་པའི་གནས་ཚུལ་ཡིན་པ།

དམག་ཞབས་ཐིམས་པའི་དམག་མི་རྙིང་པར་སླར་ཡང་ཁྱིམ་ཚང་ཆེ་མོ་དང་འདྲ་བའི་དཔུང་སྡེའི་དྲོ་སྐྱིད་ཚོར་བ་དང་བློ་བདེའི་ངང་ཕ་ཡུལ་དུ་ལོག་ཐུབ་ཆེད།ལྷུན་རྩེ་མཐའ་སྲུང་རུ་ཆེན་གྱིས་དམག་ཞབས་ཐིམས་པའི་དམག་མི་རྙིང་པར་སྐྱེལ་མ་ཞུ་བའི་མཛད་སྒོ་གཟབ་རྒྱས་ངང་འཚོཌ་པ་རེད།

རུ་ཆེན་གྱི་རུ་དཔོན་ཤྭ་ལེང་གིས་རུ་ཆེན་གྱི་ཚབ་ཞུས་ནས་དམག་ཞབས་ཐིམས་པའི་དམག་མི་རྙིང་པར་སྐྱེལ་མ་ཞུ་བའི་ཤིས་ཚིག་སྒྲོན་སྐབས།ལོ་མང་རིང་ཁོང་ཚོས་དཔུང་སྡེའི་འཕེལ་རྒྱས་འཛུགས་སྐྲུན་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་།ཁོང་ཚོས་མུ་མཐུད་དཔུང་སྡེའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ཕྱིས་སུ་ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་གོང་འཕེལ་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་པའི་སྐུལ་ལྕག་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།