ལྷུན་རྩེ་རྫོང་གི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:14

ལྷུན་རྩེ་རྫོང་བོད་ཀྱི་ལྷོ་རྒྱུད་དང་། ལྷོ་ཁ་ས་ཁུལ་གྱི་དབུས་བྱང་། ཧི་མ་ལ་ཡའི་ཤར་སྣེའི་བྱང་རྒྱུད་དུ་གནས་ཡོད། བྱང་སྣང་རྫོང་དང་རྒྱ་ཚྭ་རྫོང་དང་འབྲེལ་བ་དང་། ལྷོ་མོན་ཡུལ་དང་། ཤར་ལྷོ་ཡུལ། ནུབ་མཚོ་སྨད་རྫོང་དང་འབྲེལ་བ། ལྷོ་ནུབ་མཚོ་སྣ་དང་། བྱང་རྒྱུད་ཆུ་གསུམ། ནུབ་བྱང་སྣེ་གདོང་རྫོང་། བྱང་ཤར་སྨན་གླིང་རྫོང་དང་འབྲེལ་ཡོད། ལྷུན་རྩེ་རྫོང་ཁོངས་སུ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་10566དང་དངོས་སུ་ཚོད་འཛིན་བྱས་པའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་8165 རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་4.4 ནགས་ས་རྒྱ་ཁྱོན་མུའུ་ཁྲི་502.26 རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་600བཅས་ཡོད། ལྷུན་རྩེ་རྫོང་ཁོངས་སུ་གྲོང་རྡལ་2དང་ཤང་9ཡོད། 2010ལོ་བར་ལྷུན་རྩེ་རྫོང་དུ་སྤྱིའི་མི་འབོར་35248ཡོད་པ་དེར་བོད་རིགས་དང་། རྒྱ་རིགས། ལྷོ་པ་རིགས་སོགས་མི་རིགས་ཁ་ཤས་ཡོད་པའི་ཁྲོད་བོད་རིགས་ཀྱིས་99%ཡན་བཟུང་ཡོད། གཏེར་ཐོན་ཐོན་ཁུངས་གསེར་དང་། ལྕགས། མཱན། འཐི། ཧ་ཡང་། ཆུ་ཤེལ་སོགས་ཡོད། རྩི་ཤིང་ཐོན་ཁུངས་དབྱར་རྩྭ་དགུན་འབུ་དང་། ཨ་བྷི་ཥ། རྫ་ཡུངས། ཀླུ་བདུད་དཀར་ནག གླང་ཆེན་ཆིག་ཐུབ། སྐྱེར་པ། གངས་ལྷ་མེ་ཏོག སོ་ལོ་དམར་པོ། སྡོང་ཕུང་སོགས་ཡོད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།