སྣ་དཀར་རྩེར་སློབ་འབྲིང་དགེ་རྒན་གྱི་ལས་ཞུགས་གོང་གི་གསོ་སྦྱོང་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2016-12-12 17:06:21

QQ截图20161212170209.png

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྣ་དཀར་རྩེ་རྫོང་སློབ་འབྲིང་གིས་དགེ་རྒན་གསར་པར་ལས་ཞུགས་གོང་གི་གསོ་སྦྱོང་བྱས་པ་རེད།

ད་རེས་ཀྱི་གསོ་སྦྱོང་བརྒྱུད། དགེ་རྒན་དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་སྔར་བས་མཐོ་རུ་དང་སློབ་ཁྲིད་ལ་མཁོ་བའི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་བྱེད་པའི་རྩལ་ནུས་སྔར་བས་ཆེ་རུ་སོང་ཡོད་པ་རེད། དགེ་རྒན་གསར་པ་8ཀྱིས་སློབ་ཚན་ཉན་པ་དང་དཔྱད་པ་དང་བརྒྱུད་ལམ་སྣེ་མང་གི་སློབ་གཞི་བཟོ་བ་བཅས་ཀྱི་ནུས་པ་སྔོན་དཔག་གི་ཚད་གཞི་ལོན་ཡོད། གསོ་སྦྱོང་མཇུག་འགྲིལ་རྗེས་འབྲེལ་ཡོད་སྡེ་ཚན་གྱིས་གསོ་སྦྱོང་ནང་ཞུགས་མཁན་དགེ་རྒན་ལ་ལས་ཞུགས་གོང་གི་གསོ་སྦྱོང་སློབ་མཇུག་སྒྲིལ་བའི་ལག་ཁྱེར་སྤྲད་པ་རེད།

ད་རེས་ཀྱི་གསོ་སྦྱོང་དེས་ང་ཚོར་ལས་ཞུགས་དངོས་ནང་འཕྲད་སྲིད་པའི་དཀའ་གནད་ཐག་གཅོད་བྱེད་པའི་ཐབས་ལམ་དང་ཐབས་ཇུས་མང་པོ་ཤེས་བྱུང་ལ།“སློབ་ཁྲིད་བྱས་པ་དང་། སློབ་ཚན་ཉན་པ། སློབ་ཚན་ལ་དཔྱད་པ”བཅས་ཐད་སྣེ་ཁྲིད་བྱས་པ་བརྒྱུད། ང་ཚོར་ཇི་ལྟར་བྱས་ནས་སློབ་ཚན་ཚད་ལོན་ཞིག་འཁྲིད་དགོས་མིན་ཐད་ཁ་གསལ་པོ་བྱུང་བ་མ་ཟད། ད་དུང་སློབ་ཁྲིད་ཐབས་ལམ་དང་ཐབས་ཇུས་ལ་དུས་བསྟུན་ལེགས་གཏོང་བྱེད་དགོས་པའང་ཤེས་བྱུང་ཞེས་དགེ་རྒན་གསར་པ་བློ་བཟང་བསྟན་འཛིན་གྱིས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།