སྣ་དཀར་རྩེ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་ཧུར་ཐག་སྤེལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:17

ཉེ་བའི་ལོ་ཤས་ནང་སྣ་དཀར་རྩེ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་ཧུར་ཐག་སྤེལ་བ་མ་ཟད།རྫོང་ཡོངས་སུ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་ཚ་རླབས་འཕྱུར་བ་བྱས་ཏེ་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་ཏང་གི་མི་རིགས་སྲིད་ཇུས་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་བསྟར་བས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྔར་བས་སྲ་བརྟན་དུ་ཕྱིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།སྣ་དཀར་རྩེ་རྫོང་གིས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ་རྒྱལ་གཅེས་རིང་ལུགས་ལྟེ་བར་བྱས་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དང་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོའི་ཞིབ་ཕྲའི་གནས་ཚུལ་ཟུང་འབྲེལ་དང“མི་རིགས་མཐུན་སྒྲིལ་སློབ་གསོའི་ཟླ་བ”གཙོ་བོར་བྱས་པའི་དྲིལ་བསྒྲགས་སློབ་གསོ་དང་ཟུང་འབྲེལ་བྱས་ནས་རྣམ་པ་སྣ་ཚོགས་ཀྱི་ཆེད་དོན་སློབ་གསོའི་བྱེད་སྒོ་སྤེལ་བས་དྲིལ་བསྒྲགས་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཕྱིན་ཡོད།གཙོ་གནད་འབུར་ཐོན་དང་དངོས་ཕན་ལ་སྣང་ཆེན་བྱ་རྒྱུ་ཟུང་འབྲེལ་དང་།ལོ་མཇུག་དཔྱད་ཞིབ་དང་ནམ་རྒྱུན་གྱི་ཞིབ་བཤེར་ཟུང་འབྲེལ།དྲིལ་བསྒྲགས་སློབ་གསོ་སྔོན་ཁྲིད་དུ་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་དེ་རྒྱུན་གཏན་ལས་ཀ་དང་མཉམ་དུ་བཀོད་སྒྲིག་དང་།ཞིབ་བཤེར།དཔྱད་ཞིབ།ཕྱོགས་སྡོམ་བཅས་བྱས་པ་རེད།

རྫོང་ཡོངས་ཀྱི་དུས་བབ་གསར་པའི་འོག་གི་མི་རིགས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་།གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ།འདྲ་མཉམ་དང་།མཐུན་སྒྲིལ།རོགས་རེས།ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་ཀྱི་འབྲེལ་བ་གསར་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ།མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ།སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་།མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་བཅས་བྱ་ཆེད།སྣ་དཀར་རྩེ་རྫོང་གིས་ད་དུང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་དང་གྲངས་ཉུང་མི་རིགས་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་འཚམས་འདྲི་བྱེད་པ་དང་།གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་མི་རིགས་ཁག་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།