སྣ་དཀར་རྩེ་རྫོང་གིས་སྤྱི་ཚོགས་ཞབས་ཞུའི་དོ་དམ་གསར་གཏོད་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:18

འདི་ལོ་ནས་བཟུང་སྣ་དཀར་རྩེ་རྫོང་གིས་སྤྱི་ཚོགས་དོ་དམ་གསར་གཏོད་དང“གཉིས་ལྡན་དུད་སྦྲེལ”གྱི་ཞབས་ཞུའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་གཙོ་གནད་དུ་བརྩིས་ནས་སྤྱི་ཚོགས་ཞབས་ཞུ་དང་དོ་དམ་གསར་གཏོད་ལས་དོན་ལ་ཕན་འབྲས་བཟང་པོ་ཐོན་པ་བྱས་ཡོད།

“གཉིས་ལྡན་དུད་སྦྲེལ”གྱི་ཞབས་ཞུའི་དོ་དམ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད་སྣ་དཀར་རྩེ་རྫོང་གིས་བཀོད་སྒྲིག་ལས་དོན་གཙོ་གནད་དུ་དམ་འཛིན་ཡག་པོ་བྱས་ཏེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སྔ་རྗེས་སུ་ཆེད་དོན་ཚོགས་འདུ་ཐེངས་14འཚོགས་ནས་སྐུལ་སློང་བཀོད་སྒྲིག་བྱས་པ་དང་དུས་མཚམས་ཁག་གི་ལས་ཀའི་ལས་འགན་དང་།ཞིབ་ཕྲའི་བྱ་ཐབས།ལག་བསྟར་གོ་རིམ་བཅས་གསལ་པོ་བཟོས་པ་རེད།རིགས་ཁག་གི་གོ་སྐབས་དང་།ཁོར་ཡུགརྣམ་པ་བཅས་ལ་དམིགས་ནས་དྲིལ་བསྒྲགས་བྱས་ཏེ་ཞིང་ཆེན་ལམ་307རྒྱུད་དུ་ཕྱོགས་བསྡུས་བཅོས་སྐྱོང་དང“གཉིས་ལྡན་དུད་སྦྲེལ”ལས་དོན་བརྗོད་བྱ་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱང་བུ་ཆེ་གྲས་བཙུགས་ཡོད།

དུད་སྦྲེལ་སྤྱི་མིའི་འགན་ནུས་དང་ཆུ་ཚད་མཐོ་རུ་གཏོང་ཆེད་སྣ་དཀར་རྩེ་རྫོང་གིས་སྔ་རྗེས་སུ་དུད་སྦྲེལ་སྤྱི་མིར་ཁྱོན་ཡོངས་ནས་ལས་སྒོ་གསོ་སྦྱོང་ཐེངས་4བྱས་པ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་ཆེད་སྒྲུབ་ལས་བྱེད་པ་ས་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གིས་སྒྲིག་འཛུགས་བྱས་པའི་རིགས་ཁག་གི་ཕྱོགས་བསྡུས་བཅོས་སྐྱོང་དང“གཉིས་ལྡན་དུད་སྦྲེལ”ལས་དོན་གྱི་གསོ་སྦྱོང་དུ་བཏང་ནས་ལས་དོན་སྤེལ་ནུས་ཆེ་རུ་བཏང་བ་རེད།2013ལོའི་ལས་དོན་ནང་ཐོན་པའི་གནད་དོན་ལ་དམིགས་ནས་2014ལོར་སྣ་དཀར་རྩེ་རྫོང་གིས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་དམ་འཛིན་ཡག་པོ་བྱས་ཐོག་ས་ཁུལ་་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གི་གཅིག་གྱུར་བླང་བྱ་གཞིར་བཟུང་དུད་སྦྲེལ་སྤྱི་མིའི་ཆ་འཕྲིན་ཡིག་ཚགས་ཚད་ལྡན་དུ་བཏང་ནས་ལོ་མཇུག་གི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་ལས་དོན་ལ་རྨང་གཞི་བཏིངས་པ་རེད།

“གཉིས་ལྡན་དུད་སྦྲེལ”གྱི་ཞབས་ཞུའི་དོ་དམ་ལས་ཀའི་འགྲོ་གྲོན་འགན་ལེན་ནན་པོ་བྱས་ཐོག་སྒོར་ཁྲི་10ལྷག་ཙམ་བཏང་ནས་དུད་སྦྲེལ་སྤྱི་མིའི་གསོ་སྦྱོང་ལས་དོན་ལ་སྤྱད་པ་དང་སྒོར་ཁྲི་20ལྷག་ཙམ་བཏང་ནས་རིམ་ཁག་གཟེངས་བསྟོད་ལས་དོན་དང་སྔོན་ཐོན་མཉམ་སྡེབ་གཟེངས་བསྟོད་ལ་སྤྱད་པ་རེད།2014ལོར་རྫོང་ནོར་སྲིད་ཀྱིས་འགྲོ་གྲོན་མང་དག་བཏང་ནས“གཉིས་ལྡན་དུད་སྦྲེལ”གྱི་ཞབས་ཞུའི་དོ་དམ་ལས་དོན་སྤེལ་རྒྱུར་འགན་ལེན་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།