རྒྱ་ཚྭ་རྫོང་སྤྱི་བདེ་ཅུས་ཀྱིས་སློབ་གྲྭའི་ནང་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 12:11:54

1111.jpg

སློབ་གྲྭའི་ནང་དུག་འགོག་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཁོངས་གཏོགས་ཁུལ་གྱི་ན་གཞོན་སློབ་མའི་དུག་འགོག་འདུ་ཤེས་ཟབ་ཏུ་གཏོང་ཆེད།ཉེ་དུས་རྒྱ་ཚྭ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས“ཚེ་སྲོག་ལ་གཅེས་སྤྲས་དང་དུག་རྫས་རིང་དུ་སྤོང་རྒྱུ་དེ་གནད་དོན་ཆུང་ས་དང་རང་ཉིད་ནས་འགོ་འཛུགས་དགོས”ཞེས་པའི་བརྗོད་བྱ་གཙོ་བོའི་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སློབ་གྲྭའི་ནང་སྤེལ་བ་རེད།


སློབ་མའི་དོན་དངོས་དང་ཟུང་འབྲེལ་གྱིས་རུ་ཁག་དེའི་དུག་འགོག་མི་དམངས་ཉེན་རྟོག་པས་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་ཁྲིད་དཔྱད་གཞི་བཟོས་ཏེ་དུག་རྫས་ཀྱི་གོ་དོན་དང་།རིགས།དུག་རྫས་ཀྱི་གནོད་འཚེ་བཅས་དང་དེ་བཞིན་སློབ་གྲྭ་འབྲིང་ཆུང་གི་སློབ་མས་ཇི་ལྟར་བྱས་ནས་དུག་རྫས་སྤོང་དགོས་པའི་ཐད་རྒྱ་ཆེའི་སློབ་མར་ངོ་སྤྲོད་བྱས་པ་མ་ཟད།མིག་སྔའི་དུག་རྫས་གསར་པ་སྣ་ཚོགས་དང་དེ་བཞིན་དེ་དག་གི་གནོད་འཚེ་དང་འགོག་ཟོན་སོགས་ཀྱི་རྒྱུན་ཤེས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས་ཚེ་སྲོག་ལ་གཅེས་སྤྲས་དང་དུག་རྫས་སྤོང་བའི་རང་ངོས་ཀྱི་འགོག་ཟོན་འདུ་ཤེས་ཟབ་ཏུ་བཏང་ཞིང་།འདི་ནི་དྲིལ་བསྒྲགས་བྱ་ཡུལ་ཡིན་པ།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།