མཚོ་སྨད་རྫོང་གིས་དུད་ཚང་283གྱི་བདེ་སྡོད་ཁང་པ་བསྐྲུན་ཟིན་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:20

གསར་འགོད་པར་ཉེ་ཆར་ལྷོ་ཁ་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན།འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་མཚོ་སྨད་རྫོང་གིས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭའི་དུད་ཚང་283(དེའི་ནང་དབུལ་པོའི་དུད་ཚང་25དང་ཞིང་ཁང་སྒྱུར་བཀོད་དུད་ཚང་258ཚུད་པ)གྱི་བདེ་སྡོད་ཁང་པ་བསྐྲུན་པར་མ་དངུལ་སྒོར་ཁྲི་655བཏང་བ་རེད།དེ་དང་དུས་མཚུངས་རྫོང་དེས་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱས་ཏེ་ཞིང་འབྲོག་པའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཚད་བརྒལ་དུ་བྱས་ཏེ་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཡོང་འབབ་འཕར་ཐབས་བྱེད་པ་དང་ཕྱིར་ལས་ཀ་དང་ཚོང་བརྒྱབ་ནས་ཡོང་འབབ་འཕར་ཐབས་བྱེད་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་དང་ཁྱབ་རྒྱ་ཆེ་བའི་འབབ་འཕར་གྱི་ཐབས་ལམ་ཞིག་ཧུར་ཐག་ཆགས་པ་བྱས་ནས་ཞིང་འབྲོག་མང་ཚོགས་ཚོར་ཕྱུག་འགྱུར་གྱི་ལམ་བུ་ཡོད་པ་དང་འབབ་འཕར་གྱི་རྩལ་ནུས་ཡོད་པ་བྱས་ཏེ་བདེ་སྡོད་ལས་བརྩོན་ཡོང་བ་ཧུར་ཐག་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།