འཕྱོངས་རྒྱས་རྫོང་གི་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་སྒོ་བྱང་བཀལ་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-02-07 16:59:04

QQ截图20180108111343.png

2017ལོའི་ཟླ་12ཚེས་26ཉིན། འཕྱོངས་རྒྱས་རྫོང་གིས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཙུགས་པ་དང་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད། ཉེ་བའི་ལོའི་ནང་འཕྱོངས་རྒྱས་རྫོང་གིས་རིག་གནས་ལས་དོན་དང་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་ཆེད། འཕྱོངས་རྒྱས་རྫོང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་མ་དངུལ་སྒོར་ཁྲི་60སྔ་རྗེས་སུ་བཏང་ནས་བརྙན་འཕྲིན་ལས་ཁུངས་ཀྱི་སྒྲིག་ཆས་ལེགས་གཏོང་ལས་གྲྭ་ལག་ལེན་བསྟར་བ་དང་། མ་དངུལ་སྒོར་ཁྲི་123བཏང་ནས་རྫོང་དེ་ཡོངས་ཀྱི་སྐུད་ཡོད་གྲངས་འཛིན་བརྙན་འཕྲིན་གྱི་དུད་སྣེའི་རྣམ་གྲངས་ལག་ལེན་བསྟར་བ། མ་དངུལ་སྒོར་ཁྲི་99བཏང་ནས་སྐུད་ཡོད་གྲངས་འཛིན་བརྙན་འཕྲིན་སྒྲིག་སྦྱོར་དང་སྲུང་སྐྱོང་བྱས་པ་རེད།

འདི་ནི་འཕྱོངས་རྒྱས་རྫོང་གི་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ལག་རྩལ་པས་སྐུད་ཡོད་གྲངས་འཛིན་གྱི་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་སྙོམ་སྒྲིག་བྱེད་བཞིན་པ།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།