2017ལོའི་ལྷོ་ཁ་གྲོང་ཁྱེར་གྱི་ལས་ཞུགས་ལས་གཏོད་འདུ་འགོད་སྐོར་གྱི་སྒྲིལ་གླེང་།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-01-05 11:28:23

QQ截图20180105104414.png

འདི་ནི་ལྷོ་ཁ་གྲོང་ཁྱེར་ལས་ཞུགས་ལས་གཏོད་གཞུང་ལས་ཁང་གིས་ལས་གཏོད་གསོ་སྦྱོང་བྱེད་བཞིན་པ།

“གསོ་སྦྱོང་ལ་ཞུགས་པ་བརྒྱུད་རྐོ་འདྲུའི་འཕྲུལ་འཁོར་གཏོང་ཤེས་བྱུང་། ད་ཆ་ངས་ཞིང་འབྲོག་པའི་ཨར་ལས་རུ་ཁག་ཏུ་རྐོ་འདྲུའི་འཕྲུལ་འཁོར་གཏོང་གི་ཡོད། ཟླ་རེར་གླ་ཕོགས་ཉུང་ཤོས་སྒོར་4500འདུག་པས་དེ་སྔོན་ལས་ཀ་ཙག་ཙིག་བྱེད་སྐབས་དང་བསྡུར་ན་ཧ་ཅང་ཡག་པོ་འདུག”ཅེས་གོང་དཀར་རྫོང་རྣམ་རྒྱལ་ཞོལ་ཤང་རྒྱང་གཞུང་གྲོང་ཚོའི་གྲོང་མི་ཀུན་བཟང་རྡོ་རྗེས་དགའ་སྤྲོའི་ངང་བརྗོད།

རྩལ་ནུས་གསོ་སྦྱོང་བྱས་ནས་འབབ་འཕར་ལ་སྐུལ་འདེད་བཏང་བ།

ལས་ཞུགས་ནི་དམངས་འཚོའི་འདུ་འགོད་ཆེ་ཤོས་ཡིན་ཞིང་། འདི་ལོའི་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཙུགས་མ་ཐག་པའི་ཁེ་ལས་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། མཐོ་སློབ་སློབ་ཐོན་སློབ་མས་ལས་གཏོད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་ནུས་ལྷག་མ་ལས་ཞུགས་གཞན་སྒྱུར་བྱེད་པ། ས་ཞིང་ཤོར་མཁན་དང་ལས་ཀ་ཤོར་མཁན་ཡང་བསྐྱར་ལས་ཞུགས་ཐུབ་པར་བྱེད་པ། ཕུལ་བྱུང་ཞིང་འབྲོག་ན་གཞོན་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པ་སོགས་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབས་ནས། དམངས་ཡོངས་མཉམ་དུ་ཕྱུག་འགྱུར་ཐུབ་རྒྱུ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་རྨང་གཞི་བརྟན་པོ་བཏིང་བ་རེད།

“སྔོན་ཆད་ཕྱིར་གླ་པ་བྱེད་པར་སྐྱོད་སྐབས། ལག་རྩལ་མེད་པའི་རྐྱེན་གྱིས་ལུས་ཤུགས་བཏོན་ནས་ལས་ཀ་བྱེད་དགོས་པའི་ཁར་ད་དུང་གླ་ཆ་ཡང་ཧ་ཅང་ཉུང་། ན་ནིང་སྦག་སྦག་ཉམས་གསོའི་གསོ་སྦྱོང་ལ་ཞུགས་ནས་སྦག་སྦག་ཉམས་གསོའི་ལག་རྩལ་ལྡན་པ་ནས་བཟུང་། ངས་སྦག་སྦག་ཉམས་གསོ་ཁང་ཞིག་གཉེར་བས་འཚོ་བ་སྔོན་ཆད་དང་བསྡུར་ན་ཧ་ཅང་ཡག་ཏུ་ཕྱིན་སོང”ཞེས་ཟངས་རི་རྫོང་ཞོལ་པ་ཤང་སྦིད་པ་གྲོང་ཚོའི་གྲོང་མི་མིག་དམར་གྱིས་བརྗོད།

འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱི་ལས་ཞུགས་ལས་གཏོད་གཞུང་དོན་ཁང་གིས་སྣ་མང་སྐབས་བསྟུན་གྱི་བྱེད་ཐབས་སྤྱད་དེ། ལས་ཞུགས་མི་ཐུབ་པ་དང་ལས་ཞུགས་དཀའ་བའི་རིགས་ལ་གང་ལ་གང་འཚམ་གྱིས་དམིགས་སའི་རང་བཞིན་ལྡན་པའི་རྩལ་ནུས་གསོ་སྦྱོང་བྱས་ཏེ། གྲངས་འབོར་མང་བ་དང་། གྲུབ་ཆ་ལུགས་མཐུན། རྩལ་ནུས་ཡག་པ་བཅས་ཀྱི་བྱང་ཚད་མཐོ་བའི་ངལ་རྩོལ་པའི་དཔུང་ཁག་ཅིག་བཏོད་པ་རེད། དེས་མ་ཟད། འདི་ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་ལས་ཞུགས་ལས་གཏོད་གཞུང་དོན་ཁང་གིས་ད་དུང་དུས་ཡུན་ལོ་གསུམ་ནང་ལྷོ་ཁ་གྲོང་ཁྱེར་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་ལྡན་པའི་མི་སྣ་ཡོངས་ལ་གསོ་སྦྱོང་ཚད་ལྡན་ཐེངས་ཤིག་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་80%ཡན་ལ་ཉེར་སྤྱོད་ལག་རྩལ་སྣ་གཅིག་ནས་གཉིས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ངལ་རྩོལ་ནུས་ཤུགས་ལ་ལས་ཞུགས་རྩལ་ནུས་སྣ་གཅིག་ལྡན་པར་བྱས་ཏེ་ཁོང་ཚོའི་ལས་ཞུགས་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

གྲ་ནང་རྫོང་གྲ་ཕྱི་ཤང་ས་མཚམས་གྲོང་ཚོའི་དུད་ཚང་དབུལ་པོ་དངོས་གྲུབ་ཀྱིས“ང་གཡོས་སྦྱོར་གསོ་སྦྱོང་ལ་ཞུགས་ནས་གཡོས་སྦྱོར་ལག་རྩལ་ཤེས་རྗེས་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་མ་དངུལ་བཏང་ནས་ཟ་ཁང་ཞིག་བཙུགས་པས། ད་ཆ་ནང་མི་ཚང་མའི་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བཞིན་ཡོད”ཅེས་བརྗོད།

ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཞབས་ཞུའི་ལས་དོན་དམ་འཛིན་བྱས་པ།

ལས་ཞུགས་ལས་གཏོད་འདུ་འགོད་ནི་རྩལ་ནུས་བྱང་ཚད་མཐོ་རུ་གཏོང་རྒྱུ་རྨང་གཞི་དང་ལས་ཞུགས་ལས་གཏོད་བྱ་རྒྱུ་ལྟེ་བར་བཟུང་བའི་དམངས་འཚོའི་འདུ་འགོད་ཅིག་ཡིན་ལ། དེའི་དམིགས་ཡུལ་ནི་ངལ་རྩོལ་ནུས་ཤུགས་ལྡན་རིགས་ལ་ལས་ཞུགས་གཞན་སྒྱུར་དང་གསར་གཏོད་ལས་གཏོད་བྱེད་རོགས་བྱ་རྒྱུ་དེ་ཡིན་པ་རེད། དུས་སྐབས་ཤིག་རིང་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད། ལྷོ་ཁ་གྲོང་ཁྱེར་ལས་ཞུགས་ལས་གཏོད་གཞུང་དོན་ཁང་གི་ལས་དོན་མི་སྣའི་མཐོང་རྒྱ་དང་། ཞབས་ཞུའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུར་སྐུལ་འདེད་ཐེབས་ཡོད་པ་རེད།

ལྷོ་ཁ་གྲོང་ཁྱེར་ལས་ཞུགས་ལས་གཏོད་གཞུང་དོན་ཁང་གི་འགན་འཁུར་བ་རྒྱ་མཚོས“ལས་ཞུགས་ལས་གཏོད་གཞུང་དོན་ཁང་བཙུགས་ནས་ལོ་གཅིག་སོང་རིང་། ང་ཚོས་རྩ་འཛུགས་སྒྲིག་གཞི་འཛུགས་པ་དང་། ལས་ཀའི་འགན་འཁྲི་ཁ་གསལ་བཟོ་བ། གྲོན་དངུལ་འགན་ལེན་དོན་འཁྱོལ་བྱེད་པ་སོགས་ཀྱི་ཐད་ནས་ལས་ཀའི་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་བ་དང་། གཞི་རིམ་དུ་རྟོག་ཞིབ་བྱེད་པ་དང་། རྩལ་ནུས་གསོ་སྦྱོང་བྱེད་པ། ལས་ཞུགས་གཞན་སྒྱུར་གྱི་ཞབས་འདེགས་ཞུ་བ། གསར་གཏོད་ལས་གཏོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། རྒྱ་ཆེའི་མང་ཚོགས་ལས་ཞུགས་ལས་གཏོད་ཀྱི་འདུ་འགོད་ལ་ཞུགས་པའི་ཧུར་བརྩོན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་ཡིན”ཞེས་བརྗོད།

མིག་སྔར། ལྷོ་ཁ་གྲོང་ཁྱེར་ལས་ཞུགས་ལས་གཏོད་གཞུང་དོན་ཁང་གིས་ལས་ཞུགས་ལས་གཏོད་འདུ་འགོད་བརྒྱུད་རིམ་རྩིས་བརྒྱབ་ན་ངལ་ནུས་ཕྱིར་གཏོང་མི་179152དང་མི་14840ལས་ཞུགས་གཞན་སྒྱུར་བྱས་ནས་ལས་ཞུགས་ཐུབ་ཚད་70%ཡན་ཟིན་པ་དང་། ལས་གཏོད་རོགས་སྐྱོར་མ་དངུལ་སྒོར་ཁྲི་500དོན་འཁྱོལ་བྱས་ནས་མི་14ཡི་ལས་གཏོད་ལམ་ལྷོངས་བྱུང་བ་ལས་མི་420ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད། ལས་ཞུགས་ལས་གཏོད་འདུ་འགོད་ལག་བསྟར་བྱས་པ་ལས་ལྷོ་ཁ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད།

ལས་གཏོད་ལ་འདེགས་སྐྱོར་བྱས་ནས་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་བྱས་པ།

ལྷོ་ཁ་གྲོང་ཁྱེར་གྱི་ལས་ཞུགས་ལས་གཏོད་གཞུང་དོན་ཁང་གིས་ཐོན་ཁུངས་དང་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། ཞིང་འབྲོག་ཁུལ་གྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་བཙུགས་མ་ཐག་པའི་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། ཞིང་འབྲོག་པ་ཐག་ཉེ་ས་དང་ཡུལ་དེ་གར་ལས་གཏོད་བྱ་རྒྱུར་སྣེ་ཁྲིད་དང་ལས་ཀར་བསྡུ་བ། ཞིང་འབྲོག་པ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་སྤྲོ་སེམས་འཕེལ་བར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་། གྲོང་གསེབ་ཡུལ་སྐོར། ཞིང་འབྲོག་ཐོན་རྫས་ལས་སྣོན་སོགས་ཀྱི་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་ཏེ་ཞིང་འབྲོག་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས་ལས་གཏོད་འདི་ཉིད་ཞིང་འབྲོག་ལས་མིའི་རང་ངོས་ལས་ཞུགས་དང་ལས་ཞུགས་བསྡུ་ལེན་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཏུ་གྱུར་པ་རེད།

གྲ་ནང་རྫོང་གྲ་ཕྱི་ཤང་གི་ཞིང་ཕན་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཟླ་བ་དོན་གྲུབ་ཀྱིས“དང་ཐོག་ངས་ལྷ་སར་རང་ཉིད་ཀྱི་ཁེ་ལས་ཤིག་བཙུགས་པ་ཡིན། ཡིན་ནའང་ལྷོ་ཁ་གྲོང་ཁྱེར་གྱིས་ལས་གཏོད་ལས་ཞུགས་ཀྱི་གཟིགས་སྐྱོང་སྲིད་ཇུས་བཏོན་པ་མཐོང་རྗེས་ཕ་ཡུལ་དུ་ལོག་ནས་ཀུང་སི་བཙུགས་པ་དང་མང་ཚོགས་དབུལ་པོ་12ཀུང་སིར་བསྡུས་པ་མ་ཟད། ཁོང་ཚོར་ཀུང་སིའི་རྐང་དབང་གི་10%སྤྲད་པས་ཡུན་རིང་དང་གཏན་འཇགས་ཀྱི་ཡོང་འབབ་བྱུང་ཡོད”ཅེས་བཤད།

གསོ་སྦྱོང་དང་ལས་ཞུགས་ལ་དམ་འཛིན་བྱས་པ་མ་ཟད། ལྷོ་ཁ་གྲོང་ཁྱེར་ལས་ཞུགས་ལས་གཏོད་གཞུང་དོན་ཁང་གིས་ད་དུང་གནད་སྨིན་དབུལ་སྐྱོར་གོ་སྐབས་སུ་བྱས་ཏེ་ཐབས་ལམ་སྣ་མང་བརྒྱུད། ངལ་རྩོལ་པའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་དང་། གླ་ཕོགས་རང་བཞིན་གྱི་ཡོང་འབབ། གཞན་སྒྱུར་རང་བཞིན་གྱི་ཡོང་འབབ་བཅས་མང་དུ་བཏང་བས་ལས་རིགས་ཁག་གི་ངལ་རྩོལ་པ་ཚང་མར་བྱ་ཐབས་མི་འདྲ་བའི་ཐོག་ནས་བལྟོས་བཅས་ཀྱི་ཡོང་འབབ་བརྟན་པོ་རག་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།