ལྷོ་ཁ་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཀའི་སྐོར་གྱི་སྒྲིལ་གླེང་།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-10-24 16:09:56

འདི་ནི་ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་མང་ཚོགས་དབུལ་པོ་སྒྲིག་འཛུཌ་བྱས་ནས་མ་བྱན་གསོ་སྦྱོང་བྱེད་བཞིན་པ།

ལས་ཞུགས་ལ་སྐུལ་འདེད་ཀྱིས་སྤྱི་ཚོཌ་བརྟན་ལྷིང་ཕྱོགས་ཡོངས་ནས་འགན་ལེན་བྱས་པ།

འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས“དམངས་འཚོ་རྩ་བར་འཛིན་པ་དང་ཤེས་ལྡན་མི་སྣ་སྔོན་ལ་འཕེལ་རྒྱས་གཏོང་བའི”ལས་ཀའི་འདུ་ཤེས་མཐའ་འཁྱོངས་ཀྱིས་དམངས་འཚོ་འགན་སྲུང་དང་ལེགས་གཏོང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཧུར་ཐག་ཞུས་པས་ལས་དོན་ཁག་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་པ་རེད།

འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ལས་ཞུགས་ནི་རྩ་དོན་ཨང་དང་པོ་ཡིན་པའི་ལམ་ཕྱོགས་མཐའ་འཁྱོངས་ཀྱིས“ལས་ཞུགས་རོགས་སྐྱོར་ཟླ་བ”དང“དཔྱིད་རླུང་བྱ་སྤྱོད”སོགས་སྤྱི་པའི་ལས་ཞུགས་ཞབས་ཞུའི་བྱེད་སྒོ་ཧུར་ཐག་སྤེལ་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་ལམ་བུ་རྒྱ་ཆེར་བཏང་བ་རེད།

QQ截图20171024160028.png

ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསྟན་འཛིན་མགོན་པོས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར་ལྷོ་ཁ་གྲོང་ཁྱེར་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ་3076གསར་དུ་འཕར་བ་དང་། ལས་ཞུགས་ལས་གནས་1787གསར་སྤེལ་བྱས་པ། མི་1744ལ་རིན་མེད་ངང་ལས་རིགས་མཛུབ་ཁྲིད་བྱས་པ། མི་1954ལ་རིན་མེད་ངང་ལས་རིགས་ངོ་སྤྲོད་བྱས་ཤིང་མི་1200ལས་ཞུགས་ཐུབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་མེད་པར་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.1%ནང་ཚུན་དུ་ཚོད་འཛིན་བྱས་པ་དེ་རང་སྐྱོང་ལྗོངས་དང་ལྷོ་ཁ་གྲོང་ཁྱེར་གྱི་ཚོད་འཛིན་གཞི་གྲངས་དང་བསྡུར་ན་བརྒྱ་ཆའི་གྲངས་0.6དང་0.2ཀྱིས་དམའ་བ་ཡོད། མི་2232ལས་ཞུགས་གཞན་སྒྱུར་དང་དབུལ་སྒྲོལ་ཐུབ་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་82.2%ལེགས་གྲུབ་བྱུང་བ་རེད།

འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་འཚོ་བའི“བདེ་འཇགས་དྲ་བ”ཡག་པོ་བསྐྲུན་པ།

ད་ཕན་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཕྱོགས་ཡོངས་སུ་ཁྱབ་པ་དང་། འགན་སྲུང་འོས་འཚམ། འགན་དབང་ཁ་གསལ། འཁོར་རྒྱུག་ནུས་ལྡན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ཡི“སྤྱི་ཚོགས་འགན་སྲུང་གི་ཚད་གཞི་མཐོར་གཏོང”འདུ་འགོད་ལག་ལེན་གཏིང་ཟབ་བསྟར་བ་དང་། སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་རེད།

བསྟན་འཛིན་མགོན་པོས་ངོ་སྤྲོད་བྱས་པར་གཞིཌ་ན། འདི་ལོའི་ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་བཅོལ་ཁག་ནང་ཞུགས་མཁན་མི་ཐེངས་ཁྲི་30.63ཟིན་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི་109%ལེགས་གྲུབ་བྱུང་བ་དང་། འགན་བཅོལ་ནང་ཞུགས་ཚད་97%ཡན་ཟིན་པ། འགན་བཅོལ་དངུལ་སྒོར་དུང་ཕྱུར་1.15ལྷག་ཙམ་བསྡུས་པ་རེད། ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་ལོ་12བསྟུད་མར་འཕར་ནས་སྒོར་ཁྲི་3653.03ཟིན་པ་དང་། ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣའི་བར་བརྒལ་རིང་གི་ཕན་བདེའི་དངུལ་སྒོར་ཁྲི་54.66སྤྲད་པ་དང་ཁྱོན་ཐོབ་ཐང་དངུལ་སྒོར་དུང་ཕྱུར་1.72ལྷག་ཙམ་སྤྲད་ཅིང་། “དམིགས་གཏན་འཁེལ་བའི་སྒྲིག་གཞི་གཉིས”ཀྱི་ཁྱབ་ཚད་སྔར་བས་ཆེ་རུ་ཕྱིན་ཏེ་འགན་བཅོལ་ནང་ཞུགས་མཁན་གྱི་འཁུར་པོ་ཡང་དུ་ཕྱིན་པ་རེད།

ཤེས་ལྡན་མི་སྣ་མཉམ་འཛོམས་ཀྱིས་མི་ཤུགས་ཐོན་ཁུངས་ཀྱི་ལེགས་ཆ་ཟབ་གཏོད་བྱས་པ།

ལྷོ་ཁ་གྲོང་ཁྱེར་གྱིས་ཤེས་ལྡན་མི་སྣ་གསོ་སྦྱོང་དང་གསོ་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ཐེངས་130གཉེར་ནས་མི་སྣ་4901ལ་གསོ་སྦྱོང་བྱས་ཤིང་། གསོ་སྦྱོང་ཚད་གཞི་ལོན་ཚད་95%ཡན་ཟིན་པ་དང་གསོ་སྦྱོང་བྱས་རྗེས་ལས་ཞུགས་ཐུབ་ཚད་70%ཡན་ཟིན་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མངོན་གསལ་དོད་པ་སྟེ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་ཀྱི“མི་ཁྲིའི་རྩལ་ནུས་གསོ་སྦྱོང”བྱས་པས་མང་ཚོགས་དབུལ་པོ་2232ལས་ཞུགས་གཞན་སྒྱུར་ཐུབ་ཡོད། ལྷ་ས་དང་ལྷོ་ཁའི་གཞི་གཅིག་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་སྔར་བས་མགྱོགས་སུ་ཕྱིན་ནས་ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་ཅན་དང་གཞི་ཁྱོན་ཅན་དུ་གྱུར་བའི་རྣམ་པ་ཆགས་ཤིང་། ཟླ་བ་དང་པོ་ནས་དྲུག་པའི་བར་ངལ་ནུས་མངགས་གཏོང་ཀུང་སི་1གྲབས་འཛུགས་བྱས་ནས་མི་ཁྲི་5.53དང་མི་ཐེངས་ཁྲི་11ངལ་ནུས་ཕྱིར་གཏོང་བྱས་པར་ངལ་ནུས་འབབ་འཕར་སྒོར་དུང་ཕྱུར་2.1བྱུང་སྟེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་69.1%དང་། 61.1% 84%བཅས་སོ་སོར་ལེགས་གྲུབ་བྱུང་བ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་3797.5ཟིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།