ལྷོ་ཁ་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་ཏང་འཛུགས་སྐྱོང་ལས་དོན་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-08-30 11:14:55

QQ截图20170830110227.png

འདི་ནི་རྒྱ་ཚ་རྫོང་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་ནང་ཞུགས་སྐབས་ཀྱི་དམ་བཅའ་བསྐྱར་དྲན་བྱེད་པའི་གནས་ཚུལ་ཡིན་པ།

ཏང་འཛུགས་སྐྱོང་གི་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ།

འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྐོར་གྱི་བསམ་ཕྱོགས་གསར་པ་དང་། ཐབས་ཤེས་གསར་པ། བྱ་ཐབས་གསར་པ་བཅས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་མངོན་གསལ་དོད་དུ་ཕྱིན་པ་རེད། “རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ནི་མུན་གསལ་སྒྲོན་མེ་བཞིན་ཡར་ཀླུང་ས་གཞི་ཆེ་མོར་འོད་སྣང་སྦྱིན་སོང”ཞེས་ལྷོ་ཁ་གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཏིང་ཁྲེང་གིས་བཤད།

ཤེས་ལྡན་མི་སྣ་ནི་ཕྱོགས་ཀུན་འཕེལ་རྒྱས་ཀྱི་འགན་ལེན་ཡིན་ལ། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་གཙོ་གནད་ཅིག་ཀྱང་རེད། འདི་ལོའི་ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱིས་ཤང་དང་གྲོང་རྡལ་གྱི་ཏང་འཛུགས་སྐྱོང་གི་ཆེད་འགན་ཁུར་མཁན་ཧྲུའུ་ཅི་གཞོན་པ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། རྩ་འཛུགས་ཨུ་ཡོན། རྩ་འཛུགས་ལས་མི་བཅས་འདེམས་སྒྲུག་ཞིབ་ཚགས་བྱས་ནས་ཡོངས་ཁྱབ་ངང་བཀོད་སྒྲིག་བྱས་ཏེ། ཤང་དང་གྲོང་རྡལ་ཚང་མར་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་མཁན་མི་གྲངས་4ཡན་ཡོད་པའི་འགན་ལེན་བྱས་ཡོད། ཤང་དང་གྲོང་རྡལ་གྱི་ཏང་སྲིད་ལས་གནས་གཙོ་བོར“བོད་རིགས་གཅིག་དང་རྒྱ་རིགས་གཅིག”བཀོད་སྒྲིག་བྱེད་པའི་རྣམ་པ་རྒྱུན་མཐུད་སྲ་བརྟན་དུ་བཏང་བ་དང་། ཤང་དང་གྲོང་རྡལ་ལས་ཁུངས་ཀྱི་ཕུལ་བྱུང་ལས་བྱེད་པ་40བདམས་ཏེ་གྲོང་ཚོར(གྲོང་ལྷན)སློབ་ཆེན་ཐོན་པའི་གྲོང་དཔོན་བྱེད་པར་མངགས་ནས་གཞི་རིམ་ཤེས་ལྡན་མི་སྣའི་སྟོབས་ཤུགས་སྔར་བས་ཆེ་རུ་བཏང་བ་རེད།

དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱིས་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོའི་ནུས་པ་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱས་ཤིང་། ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་པ་དང་། ཞིང་འབྲོག་པ་ཏང་ཡོན་2593འཕེལ་རྒྱས་བཏང་བ་དང་། འབབ་འཕར་ཕྱུག་འགྱུར་གྱི་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་མང་ཚོགས་ལ་དཀའ་གནད་ཐག་གཅོད་དང་བྱ་བ་དངོས་ཁག་76673སྒྲུབ་རོགས་བྱས་པ་རེད།

ཏང་འཛུགས་སྐྱོང་གི་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོའི་འདུ་ཤེས་ཁྱོན་ཡོངས་ནས་ཟབ་ཏུ་བཏང་བ།

ལྷོ་ཁ་གྲོང་ཁྱེར་གྱིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་མཐོང་ཆེན་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ལས་དོན་གྱི་འགན་འཁྲི་གཙོ་བོར་བརྩིས་པ་དང་། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ས་ཁོངས་སམ་ཡང་ན་ལས་རིགས་ཁོངས་གཏོགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་གྱི་འགག་གནད་རེ་རེ་བཞིན་གཏན་འཁེལ་བྱས་ནས་རིམ་ཁག་འགོ་ཁྲིད་ཚན་པའི་ཁོངས་མིའི“ལས་གནས་གཅིག་ལ་འགན་འཁྲི་གཉིས”དང་། ཞིབ་ཕྲའི་འགན་འཁྲི་ཁག་བགོས། འབྲེལ་ཡོད་འགན་ནུས་ཚན་པའི་འགན་འཁྲི་བཅས་གསལ་སྟོན་གྱིས་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོའི་འདུ་ཤེས་ཁྱོན་ཡོངས་ནས་ཟབ་ཏུ་བཏང་བ་རེད།

ལྟ་སྐུལ་མཛུབ་ཁྲིད་ཀྱི་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། 《ལྷོ་ཁ་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དཔྱད་ཞིབ་བྱ་ཐབས》བཟོས་པ་དང“ཟླ་རེར་ལྟ་སྐུལ་མཛུབ་སྟོན་དང་དུས་ཚིགས་རེར་བརྡ་ལན་སློག་པ” “ལོ་ཕྱེད་ལ་ལྟ་སྐུལ་མཛུབ་ཁྲིད་རེ་བྱེད་པ་དང་ལོ་མཇུག་ཏུ་དཔྱད་ཞིབ་རེ་བྱེད་པ”བཅས་ཀྱི་ཏང་འཛུཌ་སྐྱོང་གི་ལྟ་སྐུལ་མཛུབ་ཁྲིད་དཔྱད་ཞིབ་བྱ་ཐབས་བཟོས་པ་རེད།

ཏང་ཡོན་དཔུང་ཁག་གི་གདོང་ལེན་དཔེ་བཟང་གི་ནུས་པ་མངོན་གསལ་དོད་པ།

ལྷོ་ཁ་གྲོང་ཁྱེར་གྱིས་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ལ་མཐོང་ཆེན་བྱེད་ཅིང་། “སྤྱི་འབོར་ཚོད་འཛིན་དང་། གྲུབ་ཆ་ལེགས་གཏོང་། སྤུས་ཚད་མཐོར་གཏོང་། ནུས་པ་འདོན་སྤེལ”བཅས་ཀྱི་སྤྱིའི་བླང་བྱར་ནན་པོར་གཞིགས་ཏེ། སྤྱི་ཁོག་བཀོད་འདོམས་ལ་ཤུགས་སྣོན་རྒྱག་པ་དང“གསོ་སྐྱོང་གསུམ”ཤུགས་ཆེན་སྤེལ་ནས་ཞིང་འབྲོག་པའི་ཏང་ཡོན་དང་མཐའ་མཚམས་འཐབ་ས་མདུན་མའི་ཏང་ཡོན་གཙོ་གནད་ཐོག་འཕེལ་རྒྱས་བཏང་སྟེ་ཏང་ཡོན་དཔུང་ཁག་གི་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་བཏང་བ་རེད།

ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་ཏང་ཡོན་གྱི་གདོང་ལེན་ལས་གནས་དང་། ཏང་ཡོན་གྱིས་ཡོངས་བསྒྲགས་ངང་བསྒྲུབ་རྒྱུའི་དམ་བཅའ་བ་དང་། ཏང་ཡོན་གྱི་དང་བླངས་ཞབས་ཞུ། གོ་གནས་མེད་པའི་ཏང་ཡོན་གྱི་ལས་གནས་དང་འགན་འཁྲི་གཏན་འཁེལ། ཏང་ཡོན་གྱི་དམངས་གཙོའི་དཔྱད་མོལ། “ཏང་ཡོན་ལས་བྱེད་པས་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པ”སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བས་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ་རེད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།