འབྲོང་པ་རྫོང་གི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:14

འབྲོང་པ་རྫོང་ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་དང་། གཞིས་རྩེ་གྲོང་ཁྱེར་གྱི་ཆེས་ནུབ་ཤོས། ཧི་མ་ལ་ཡའི་བྱང་རྒྱུད། རྟ་མཆོག་ཁ་འབབ་ཀྱི་ངོགས་གཉིས་སུ་གནས་ཡོད། ནུབ་མངའ་རིས་སྤུ་ཧྲེང་རྫོང་དང་འབྲེལ་བ་དང་། བྱང་མངའ་རིས་ས་ཁུལ་དགེ་རྒྱས་དང་སྒེར་རྩེ་རྫོང་གཉིས་དང་འབྲེལ་བ། ཤར་མངའ་རིས་ས་ཁུལ་གྱི་མཚོ་ཆེན་རྫོང་དང་གཞིས་རྩེ་གྲོང་ཁྱེར་གྱི་ས་དགའ་རྫོང་དང་འབྲེལ་བ། ལྷོ་ནེ་པ་ལ་དང་ས་མཚམས་འབྲེལ་ཡོད། ཡར་ཀླུང་གཙང་པོའི་ཆུ་འགོ་འབྲོང་པ་རྫོང་ཁོངས་ཀྱི་བྱེ་མ་གཡུང་དྲུང་འཁྱགས་རོམ་ཡིན་པ་དང་ད་ཆ་རྒྱལ་ཁབ་རིམ་པའི་སྣོད་བཅུད་ནུས་པའི་སྲུང་སྐྱོང་ཁུལ་གྱི་ཁོངས་སུ་བཅུག་ཡོད། འབྲོང་པ་རྫོང་གི་དཔལ་འབྱོར་གཙོ་བོ་འབྲོག་ལས་ཡིན་ཞིང་། ར་ལུག་དང་། འབྲི་གཡག རྟ་བཅས་གསོ་ཚགས་བྱེད་པ་དང་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད།

འབྲོང་པ་རྫོང་ཡོངས་སུ་གྲོང་རྡལ་1དང་། ཤང་12 གྲོང་ཚོ་59བཅས་ཡོད་པ་དང་སྤྱིའི་མི་འབོར་ཁྲི་1.7ཙམ་ཟིན་ཡོད། ཡར་ཀླུང་གཙང་པོའི་ཆུ་འགོའི་ཁུལ་ནས་སྲོག་ཆགས་རིགས་60ཡན་ཤེས་རྟོགས་བྱུང་བ་དེའི་ནང་ཧི་མ་ལ་ཡའི་འཕྱི་བ་དང་། རི་བོང་། འབྲོང་། རྐྱང་། ཝ་མོ། གཙོད་བཅས་དང་བྱེ་ཐང་སྟེང་ངང་སེར་དང་། ཁྲུང་ཁྲུང་སྐེ་ནག ཁྲུང་ཁྲུང་མགོ་ཁྲ་བཅས་འཚོ་སྡོད་བྱེད་པ་དང་ཆུ་བོའི་ནང་ལྕིབས་ཉ་དང་འཛམ་གླིང་ཐོག་གི་ཉ་རིགས་ཀྱི་90.1%ཡན་བཟུང་བའི་གསུས་གས་ཉ་སོགས་ས་མཐོ་ཁོ་ནར་ཡོད་པའི་སྲོག་ཆགས་ཀྱི་རིགས་དང་འཛམ་གླིང་ཐོག་གི་རྩ་ཆེའི་སྲོག་ཆགས་འཚོ་སྡོད་བྱེད་ཀྱི་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།