གཞིས་རྩེ་ས་ཁུལ་འབྲོང་པ་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་ཆ་སྒྲིག་གཉེན་འཚོལ་བྱེད་སྒོ་སྤེལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:18

ཉེ་ཆར་གསར་འགོད་པས་འབྲོང་པ་རྫོང་གི་རྨང་བརྟན་དམངས་ཕན་བྱེད་སྒོའི་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ།ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་གཏིང་ཟབ་སྤེལ་ཚུན་འབྲོང་པ་རྫོང་གི་བྱེད་སྒོའི་གཞུང་ལས་ཁང་གིས་རྫོང་དེ་ཡོངས་ཀྱི་རྫོང་རིམ་པ་དང་ཁོའོ་རིམ་པའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་འབྲོག་པ་མང་ཚོགས་ཀྱི་ཁྱིམ་དུ་ཆ་སྒྲིག་གཉེན་འཚོལ་དང་་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོ་སྤེལ་རིང་འབྲོང་པ་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་ཆ་སྒྲིག་བྱས་ནས་མང་ཚོགས་དུད་ཁྱིམ་ཁྱོན་40ལྷག་ཙམ་ལ་རོགས་རམ་བྱས་པ་དང་ཆབས་ཅིག་རྩམ་པ་དང་ཇ་བག་ཆུང་སོགས་སྤྲད་པ་དང་འཚམས་འདྲི་བྱས་པར་ཁྱོན་སྒོར་ཁྲི་4.5ཙམ་ཟིན་ཡོད་པ་རེད།

ཆ་སྒྲིག་གཉེན་འཚོལ་ནང་ཞུགས་མཁན་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཚང་མས་ཆ་སྒྲིག་གཉེན་ཉེའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་ཧུར་ཐག་བྱས་ནས་ཆེས་ཐད་ཀར་དང་།ཆེས་ལྷག་བསམ་ཟོལ་མེད།ཆེས་ནུས་ལྡན་བཅས་ཀྱི་བྱ་ཐབས་སྤྱད་དེ་མང་ཚོགས་ལ་དྲོ་སྐྱིད་སྦྱིན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བའི་རོགས་རམ་ཧུར་ཐག་བྱས་ཐོག་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཆ་སྒྲིག་དུད་ཚང་དང་སེམས་སྦྲེལ་ཟམ་པ་བསྐྲུན་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།