གྲོ་མོ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་བྱེད་ཐབས་བཞི་སྤྱད་ནས་ངལ་ནུས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་བཏང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-01-07 10:23:34

གྲོང་གསེབ་ཀྱི་ངལ་ནུས་ཕྱིར་གཏོང་བྱ་རྒྱུ་དེ་མང་ཚོགས་ཀྱི་ཡོང་འབབ་འཕར་ཐབས་ལམ་གལ་ཆེན་ཞིག་ཏུ་འགྱུར་བ་བྱ་ཆེད། གྲོ་མོ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་པ་དང་། སྒྲིག་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་བཏང་བ། རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ། སྤུས་རྟགས་བཏོད་ནས་ལེགས་ཆ་ལྡན་པ་བཅས་བྱས་པ་མ་ཟད། ད་དུང་ངལ་ནུས་ཕྱིར་གཏོང་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་བརྟན་པོའི་ངང་ལས་ཞུགས་ཐུབ་ཚད་ཀྱང་མཐོ་རུ་བཏང་ཡོད་པ་རེད།

དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་ནས་ངལ་ནུས་ཕྱིར་གཏོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ངལ་ནུས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁུལ་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་དམིགས་ཚད་འགན་འཁྲི་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་། རིམ་པ་གཅིག་གིས་གཅིག་ལ་དམ་འཛིན་བྱེད་པ། རིམ་པ་བཞིན་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བཅས་ཀྱི་རྣམ་པ་ཞིག་ཆགས་པར་བྱ་ཆེད། ལོ་འགོར་ཤང་གྲོང་ཁག་དང་ངལ་ནུས་ཕྱིར་གཏོང་འགན་འཁྲིའི་ཡི་གེ་བཞག་སྟེ་ངལ་ནུས་ཕྱིར་གཏོང་ལས་འགན་ཁག་བགོས་ཀྱིས་དམིགས་ཚད་ལས་འགན་ཁག་ལེགས་པར་འགྲུབ་རྒྱུར་འགན་ལེན་བྱས་ཡོད་པ་རེད།

སྒྲིག་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་བཏང་ནས་ངལ་ནུས་འབོར་ཆེན་ཕྱིར་གཏོང་བྱས་ཤིང་། ངལ་ནུས་ཕྱིར་གཏོང་བྱ་ཤུགས་ཆེ་རུ་གཏོང་རྒྱུ་དེ་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་པ་དང་། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་འབྲེལ་གཏུག་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། ཁྲོམ་རའི་རྒྱབ་ལྗོངས་ཆེན་པོའི་འོག་མི་སྤྱོད་ཆ་འཕྲིན་རྒྱ་ཁྱབ་ཏུ་བསྡུ་རུབ་བྱས་པ། ས་གནས་དེ་གའི་ལས་ཞུགས་དང་ཕྱིར་གཏོང་ལས་ཞུགས་གཉིས་གལ་ཆེན་མཉམ་འཇོག་གི་བྱེད་སྟངས་སྤྱད་པ་བཅས་བྱས་པ་རེད།

ལས་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྩལ་ནུས་ཕྱིར་གཏོང་ཐུབ་པར་བྱས་ཤིང་། རང་སྐྱོང་ལྗོངས་དང་ས་ཁུལ་རིམ་པ་གཉིས་ཀྱི་ལས་སྒོ་སྡེ་ཚན་གྱི་གསོ་སྦྱོང་མིང་སྐལ་བརྩོན་ལེན་ཧུར་ཐག་བྱས་པ་དང་། ཐབས་ལམ་མང་པོས་གསོ་སྦྱོང་གྲོན་དངུལ་གྲབས་གཤོམ་བྱས་པ་མ་ཟད། ད་དུང་ཤང་གྲོང་ཁག་གིས་གོང་འབུལ་ཞུས་པའི་གསོ་སྦྱོང་རྣམ་གྲངས་ཞུ་ཡིག་དང་ཟུང་འབྲེལ་དང་། འབྲེལ་ཡོད་སྡེ་ཚན་དང་གསོ་སྦྱོང་སྒྲིག་གཞི་དང་མཐུན་སྦྱོར་ཧུར་ཐག ལས་ཞུགས་ལས་གནས་དང་ཟུང་འབྲེལ་བཅས་བྱས་ཏེ་ཁ་ལོ་བ་དང་། དྲོད་ཁང་། གློག་གི་ཚ་ལ། གཡོས་སྦྱོར། བདེ་སྲུང་། འཛུགས་སྐྲུན་སོགས་རྩལ་ནུས་གསོ་སྦྱོང་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཡོད་པ་རེད།

ལེགས་ལྡན་སྤུས་རྟགས་བཏོད་ནས་ངལ་ནུས་ཕྱིར་གཏོང་ལ་སྐུལ་འཁྲིད་བྱས་ཤིང་། རྫོང་གི་གནས་ཚུལ་ལ་གཞི་ཚུགས་པ་དང“རྫོང་གཅིག་ལ་སྤུས་རྟགས་གཅིག”གི་གསོ་སྦྱོང་ལས་དོན་བསམ་ཕྱོགས་ལ་དམ་པོར་དམིགས་ཏེ《གྲོ་མོ་རྫོང་གི་ངལ་ལས་རྩལ་ནུས་གསོ་སྦྱོང་ལག་བསྟར་ཇུས་གཞི》བཟོས་པ་དང་། གྲོ་མོ་སྟོད་ཀྱི་ཚན་རྩལ་དཔེ་སྟོན་གླིང་ཁུལ་དང་ནགས་རའི་ཤ་མོ་འདེབས་འཛུགས་རྟེན་གཞིར་བརྟེན་ནས“གྲོ་མོའི་ཤ་མོའི་ངལ་ནུས་སྤུས་རྟགས་གཏོད་རྒྱུ”གཙོ་བོར་བཟུང་བའི་རྩལ་ནུས་གསོ་སྦྱོང་ལས་དོན་སྤེལ་ཏེ་གྲོང་མོ་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཕྱིར་རྩལ་ནུས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་དང་རྩལ་ནུས་གསོ་སྦྱོང་ལ་བརྟེན་ནས་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།