གྲོ་མོ་རྫོང་གི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:15

གྲོ་མོ་རྫོང་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་དང་ཧི་མ་ལ་ཡའི་དབུས་རྒྱུད་ལྷོ་འདབས་སུ་གནས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་རྫོང་གི་གྲས་ཤིག་ཡིན།

རྫོང་ཡོངས་སུ་ཤང(གྲོང་རྡལ)7དང་། སྲིད་འཛིན་གྲོང་ཚོ(གྲོང་ལྷན)25 རང་བྱུང་གྲོང་ཚོ་67བཅས་ཡོད། 2011ལོའི་ལོ་མཇུག་བར་གྲོ་མོ་རྫོང་གི་སྤྱིའི་མི་འབོར་12950ཟིན་ཡོད།

གྲོ་མོ་རྫོང་དུ་རང་བྱུང་ཡུལ་སྐོར་ཐོན་ཁུངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། གཙོ་བོ“ཆུ་ཚན་གཅིག་དང་དགོན་སྡེ་གཉིས་དང་། མཚོ་གཅིག་དང་རི་གཅིག རྩྭ་ཐང་གཅིག་དང་ནགས་ཚལ་གཅིག”བཅས་ཡིན་པ་སྟེ། ཁམ་བུ་ཆུ་ཚན་དང་། དུང་དཀར་དགོན། བཀའ་བརྒྱུད་དགོན། མདོ་ཆེན་མཚོ།  ཇོ་མོ་ལྷ་རི། ཕག་རི་རྩྭ་ཐང་། གྲོ་མོ་སྨད་ཀྱི་གདོད་མའི་ནགས་ཚལ། གྲོ་མོ་རོང་གི་རང་བྱུང་མཛེས་ལྗོངས་བཅས་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།