བཞད་མཐོང་སྨོན་རྫོང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་ཤུགས་ཆེན་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-17 10:38:36

མི་ཚང་མས་ཁོར་ཡུག་སྲུང་སྐྱོང་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། ཉེ་ཆར། བཞད་མཐོང་སྨོན་རྫོང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དྲིལ་བསྒྲགས་བྱེད་སྒོའི་རིང་དྲིལ་བསྒྲགས་མཁན་གྱིས་འགྲེམས་པང་བཟོ་བ་དང་། ཁོར་ཡུག་སྲུང་སྐྱོང་གི་འབོད་ཚིག་དང་འཕྲེད་འགེལ་ཡི་གེ་སྦྱར་བ། ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་ལག་དེབ་དང་དཔེ་རིས་སྤྲོད་པ་སོགས་སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་མང་ཚོགས་ལ་ཏང་གི་བྱེད་ཕྱོགས་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལ་དོ་ཁུར་དང་། རྒྱབ་སྐྱོར། ཞུགས་པའི་ངང་སྣོད་བཅུད་འཛུགས་སྐྱོང་ཧུར་ཐག་བྱ་རྒྱུ་རང་ངོས་ནས་འགོ་བརྩམས་ཏེ་སྔོ་ལྗང་ཐཱན་ཉུང་དང་ཁོར་སྲུང་བདེ་ཐང་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་བའི་འདུ་ཤེས་བཙུགས་ཏེ་སྣོད་བཅུད་ཤེས་དཔལ་གྱི་ཆུ་ཚད་མཐོ་རུ་གཏོང་དགོསཔའི་འབོད་སྐུལ་བྱས་ཤིང་།བྱེད་སྒོའི་ནང་ཁོརཡུག་སྲུང་སྐྱོང་གི་དཔྱད་ཡིག་70ལྷག་ཙམ་བཀྲམ་པ་དང་ས་གནས་ས་ཐོག་ཏུ་མང་ཚོགས་མི་ཐེངས20ལ་དྲི་བར་ལན་བརྒྱབ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།