བཞད་མཐོང་སྨོན་རྫོང་གིས་གཞི་རིམ་མངགས་གཏོང་ཁང་ཁག་ལ་ཉེན་སྤྱོད་རླངས་འཁོར་སྤྲད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-14 10:23:26

ཉེ་ཆར། བཞད་མཐོང་སྨོན་རྫོང་སྤྱི་བདེ་ཅུས་ཀྱིས་གཞི་རིམ་མངགས་གཏོང་ཁང་ལ་ཉེན་འཁོར་སྤྲད་ཅིང་དེའི་དམིགས་ཡུལ་ནི་སྤྱི་བདེ་གཞི་རིམ་མངགས་གཏོང་ཁང་ལ་རླངས་འཁོར་མི་འདང་བའམ་ཡང་ན་དེ་སྔོན་གྱི་རླངས་འཁོར་རྙིང་པ་ཆགས་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་ཆེད་དུ་ཡིན་པ་རེད།

རླངས་འཁོར་སྤྲོད་པའི་མཛད་སྒོའི་ཐོག་བཞད་མཐོང་སྨོན་རྫོང་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་རྫོང་དེའི་སླེ་པ་ཤང་དང་སྟག་མོ་ཤར་ཤང་སོགས་ཀྱི་གཞི་རིམ་མངགས་གཏོང་ཁང་ཁག་ལ་ཉེན་འཁོར་གྱི་ལྡེ་མིག་སྤྲད་རྗེས་ཉེན་འཁོར་ལ་གཅེས་སྤྲས་ཡག་པོ་དང་། བེད་སྤྱོད་ཡག་པོ། དོ་དམ་ཡག་པོ་བཅས་བྱས་ཐོག་འབྲེལ་ཡོད་གཏན་འབེབས་ལྟར་བེད་སྤྱོད་ལུགས་མཐུན་བྱས་ནས་ཉེན་སྤྱོད་རླངས་འཁོར་གྱི་ཁྲིམས་བསྟར་ཞབས་ཞུའི་འགན་ནུས་འདོན་སྤེལ་ཧུར་ཐག་གིས་དུས་བདེའི་བཞད་མཐོང་སྨོན་རྫོང་འཛུགས་སྐྲུན་བྱེད་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་ཁྱོན་ཉེན་སྤྱོད་རླངས་འཁོར་15སྤྲད་དེ་རླངས་འཁོར་དོ་དམ་འགན་འཁྲིའི་ཡི་གེ་15བཞག་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།