བཞད་མཐོང་སྨོན་རྫོང་གི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:15

བཞད་མཐོང་སྨོན་རྫོང་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དང་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་གནས་ཡོད། ཤར་རྣམ་གླིང་རྫོང་དང་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དང་འབྲེལ་བ་དང་། བྱང་ནག་ཆུ་ས་ཁུལ་ཤན་རྩ་རྫོང་དང་འབྲེལ་བ། ནུབ་ངམ་རིང་རྫོང་དང་འབྲེལ་བ། ལྷོ་ས་སྐྱ་དང་ལྷ་རྩེ་རྫོང་གཉིས་དང་འབྲེལ་ཡོད། རྫོང་གྲོང་ནས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་བར་སྤྱི་ལེ་83ཡོད། བཞད་མཐོང་སྨོན་རྫོང་གི་སྤྱིའི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་13960ཟིན་ཡོད།

བཞད་མཐོང་སྨོན་རྫོང་ཡོངས་སུ་གྲོང་རྡལ་1དང་། ཤར་18 གྲོང་ཚོ་ཨུ་ལྷན་109བཅས་ཡོད། སྤྱིའི་མི་འབོར་ཁྲི་4ཟིན་ཡོད། (2003ལོ)

རྫོང་དེ་ས་མ་འབྲོག་ཡིན་ཞིང་། ཞིང་ལས་སྐྱེ་དངོས་གཙོ་བོ་ནས་དང་། གྲོ།   སྲན་མ། བྲ་བོ། པད་ཁ་བཅས་འདེབས་འཛུགས་བྱེད་པ་དང་། འབྲོག་ལས་ཐད་གཙོ་བོ་འབྲི་གཡག་དང་། བ་གླང་། ར་ལུག་བཅས་གསོ་ཚགས་བྱེད་པ། ནགས་ལས་ཐད་གཙོ་བོ་སྦྱར་པ་དང་། ལྕང་མ།  སྟར་ཁ། ལི། ཀུ་ཤུ་སོགས་འདེབས་འཛུགས་བྱེད་ཀྱི་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།