བཞད་མཐོང་སྨོན་རྫོང་གིས་བདེ་འཇཌ་ཐོན་སྐྱེད་ཀྱི་ཞིབ་བཤེར་ ཆེན་པོ་གཏིང་ཟབ་སྤེལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:18

ཉེ་དུས་བཞད་མཐོང་སྨོན་རྫོང་སྤྱི་བདེ་ཅུས་བདེ་འཇགས་རུ་ཆེན་གྱིས“ཁྱོན་ཡོངས་ལ་ཁྱབ་པ་དང་།བཟོད་སྒོམ་མི་བྱེད་པ།ཁྲིམས་འཛིན་ནན་ཏན།ཕན་འབྲས་ལ་གཙིགས་ཆེན”བཅས་ཀྱི་ལས་ཀའི་བླང་བྱར་ནན་པོར་གཞིགས་ནས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཨར་ལས་ལས་ཡུལ་དང་།སྣུམ་སྣོན་ས་ཚིགས།བྱེ་རྡོ་ར་བ་སོགས་གཙོ་གནད་ལས་རིགས་སུ་བསྐྱོད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་མེད་པ་བཟོས་པ་རེད།

ཞིབ་བཤེར་བྱེད་རིང་རུ་ཆེན་དེས་ཁོངས་གཏོགས་ཁུལ་གྱི་ཨར་ལས་ལས་ཡུལ་དང་།སྣུམ་སྣོན་ས་ཚིགས།བྱེ་རྡོ་ར་བ་བཅས་ལ་སྔ་རྗེས་སུ་བསྐྱོད་དེ་གཙོ་གནད་ཐོག་གཞུང་ལས་སྒྲུབ་ཁུལ་དང་།འཚོ་སྡོད་ཁུལ་གྱི་གློག་དང་མེ།སྣུམ་བཅས་བེད་སྤྱོད་ཀྱི་གནས་ཚུལ་དང་།ཕྱི་ནས་ཡོང་བའི་ལས་མིའི་ཐོ་འགོད་དོ་དམ་དང་གནས་སྡོད་ལག་ཁྱེར་སྒྲུབ་གཉེར་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་མ་ཟད།ཨར་ལས་ལས་ཡུལ་དང་།སྣུམ་སྣོན་ས་ཚིགས།བྱེ་རྡོ་ར་བའི་འཕྲལ་སྡོམ་སྔོན་ཇུས་དང་ཉེན་ཟོན་བདེ་སྲུང་བྱ་ཐབས་སོགས་དོན་འཁྱོལ་གནས་ཚུལ་ལ་ལྟ་སྐུལ་་ཞིབ་བཤེར་བྱས་པ་རེད།

ད་ཐེངས་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་གཏིང་ཟབ་བྱས་རྗེས།བཞད་མཐོང་སྨོན་རྫོང་གི་ཨར་ལས་ལས་ཡུལ་དང་།སྣུམ་སྣོན་ས་ཚིགས།བྱེ་རྡོ་ར་བ་སོགས་ཀྱི་ཁེ་ལས་ཀྱི་བདག་པོའི་འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་།ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་དོ་དམ་ཚད་ལྡན་དུ་གྱུར་བ།ཕྱི་ནས་ཡོང་བའི་ལས་མིའི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།