བཞད་མཐོང་སྨོན་རྫོང་གིས་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་པོ་གཏིང་ཟབ་བྱེད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:18

ཉེ་ཆར་བཞད་མཐོང་སྨོན་རྫོང་སྤྱི་བདེ་ཅུས་བདེ་འཇགས་རུ་ཆེན་གྱིས“ཕྱོགས་ཡོངས་ལ་ཁྱབ་པ་དང་།ཐར་པར་མི་གཏོང་བ།ཁྲིམས་ནན་པོ་འཛིན་པ།ཕན་འབྲས་ལ་མཐོང་ཆེན་བྱེད་པ”བཅས་ཀྱི་ལས་ཀའི་བླང་བྱ་ནན་པོ་གཞིར་བཟུང་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་བཟོ་སྐྲུན་ལས་ཡུལ་དང་།སྣུམ་སྣོན་ས་ཚིགས།བྱེ་རྡོ་བཟོ་གྲྭ་སོགས་གཙོ་གནད་ལས་རིགས་ཁྲོད་དུ་ཟབ་སྐྱོད་ཀྱིས་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་པོ་བྱས་ཏེ་མངོན་མེད་རྐྱེན་ངན་སྣ་ཚོགས་སྔར་བས་སེལ་བ་རེད།

ཞིབ་བཤེར་བྱེད་རིང་བཞད་མཐོང་སྨོན་རྫོང་གི་ཉེན་རྟོག་པས་བཟོ་སྐྲུན་ལས་ཡུལ་དང་།སྣུམ་སྣོན་ས་ཚིགས།བྱེ་རྡོ་བཟོ་གྲྭ་ཁག་ལ་ཟབ་སྐྱོད་ཀྱིས་གཙོ་བོ་གཞུང་ལས་ཁུལ་དང་འཚོ་བ་སྐྱེལ་ཁུལ་གྱི་གློག་སྤྱོད་དང་།མེ་སྤྱོད།སྣུམ་སྤྱོད་བཅས་ཀྱི་གནས་ཚུལ་དང་ཕྱི་ནས་ཡོང་བའི་ལས་མིའི་ཐོ་འགོད་དོ་དམ་དང་གནས་སྐབས་སྡོད་པའི་ལག་ཁྱེར་གཉེར་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཤིང་།བཟོ་སྐྲུན་ལས་ཡུལ་དང་།སྣུམ་སྣོན་ས་ཚིགས།བྱེ་རྡོ་བཟོ་གྲྭ་བཅས་ཀྱི་འཕྲལ་སྡོམ་སྔོན་ཇུས་དང་།བདེ་འཇགས་དོ་དམ་ལམ་ལུགས།བདེ་འཇགས་ཉེན་ཟོན་བྱེད་ཐབས་སོགས་དོན་འཁྱོལ་བྱེད་ཚུལ་ལ་ལྟ་སྐུལ་སློབ་སྟོན་ཞིབ་བཤེར་བྱས་པ་རེད།ཐེངས་འདིའི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་པོ་བྱས་པ་བརྒྱུད་ཁོངས་གཏོགས་ཁུལ་གྱི་བཟོ་སྐྲུན་ལས་ཡུལ་དང་།སྣུམ་སྣོན་ས་ཚིགས།བྱེ་རྡོ་བཟོ་གྲྭ་བཅས་ཀྱི་བདག་པོའི་འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་།ལས་རིགས་བདེ་འཇགས་ཐོན་སྐྱེད་དོ་དམ་ཚད་ལྡན་དུ་སོང་བ།ཕྱི་ནས་ཡོང་བའི་ལས་མིའི་བདེ་འཇགསཉེན་ཟོན་གྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་བཅས་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།