བཞད་མཐོང་སྨོན་རྫོང་གིས་མི་ཐབས་ལ་བརྟེན་ནས་གནམ་གཤིས་ཀྱི་གནོད་འཚེར་ཁ་གཏད་འཇལ་མཁན་ལས་དོན་མི་སྣ་གསོ་སྦྱོང་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:18

ཉེ་ཆར་བཞད་མཐོང་སྨོན་རྫོང་གིས་གཞིས་རྩེ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་མི་ཐེབས་ལ་བརྟེན་ནས་གནམ་གཤིས་ཀྱི་གནོད་འཚེར་ཁ་གཏད་གཅོག་མཁན་ལས་དོན་གྱི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་རྫོང་དེ་ཡོངས་ཀྱི་མི་ཐབས་ལ་བརྟེན་ནས་གནམ་གཤིས་ཀྱི་གནོད་འཚེར་ཁ་གཏད་གཅོག་མཁན་གྱི་ལས་དོན་པར་གསོ་སྦྱོང་ཉིན་གཅིག་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ད་རེས་ཀྱི་གསོ་སྦྱོང་ནི་མི་ཐབས་ལ་བརྟེན་ནས་གནམ་གཤིས་ཀྱི་གནོད་འཚེར་ཁ་གཏད་གཅོག་མཁན་ལས་དོན་པའི་ཆེད་ལས་ཆུ་ཚད་དང་ལས་རིགས་བྱང་ཚད་མཐོ་རུ་བཏང་སྟེ་མི་ཐབས་ལ་བརྟེན་ནས་གནམ་གཤིས་ཀྱི་གནོད་འཚེར་ཁ་གཏད་གཅོག་པའི་ལས་དོན་ནུས་ལྡན་ངང་སྤེལ་ནས་གནམ་གཤིས་ངན་པས་ཞིང་ལས་ལོ་རོག་ལ་ཤུགས་རྐྱེན་ངན་པ་མི་ཕོག་པ་བྱ་ཆེད་ཡིན་པ་རེད།གསོ་སྦྱོང་ཐོག་མི་ཐབས་ལ་བརྟེན་ནས་གནམ་གཤིས་ཀྱི་གནོད་འཚེར་ཁ་གཏད་གཅོག་མཁན་ལས་དོན་མི་སྣའི་ལས་ཐོག་འགན་འཁྲི་དང་།མི་ཐབས་ལ་བརྟེན་ནས་གནམ་གཤིས་ཀྱི་གནོད་འཚེར་ཁ་གཏད་གཅོག་པའི་བདེ་འཇགས་ལས་དོན་ཚད་ལྡན་དུ་གཏོང་བ།མི་ཐབས་ལ་བརྟེན་ནས་གནམ་གཤིས་ཀྱི་གནོད་འཚེར་ཁ་གཏད་གཅོག་མཁན་ལས་དོན་མི་སྣའི་འཕྲིན་གཏོང་བཅས་གསུམ་ལ་དམིགས་ནས་ལས་དོན་སྤེལ་བ་རེད།གསོ་སྦྱོང་བྱས་པ་བརྒྱུད་རྫོང་དེའི་མི་ཐབས་ལ་བརྟེན་ནས་གནམ་གཤིས་ཀྱི་གནོད་འཚེར་ཁ་གཏད་གཅོག་པའི་ལས་དོན་མི་སྣའི་ཆེད་ལས་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་པ་དང་གནམ་གཤིས་ངན་པར་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་ཕྱིན་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།