བྱ་སྤྱོད་ནི་ཀུན་གྱི་མཆོག་ཡིན།

ང་་ད་་གསར་འར་་གས།

| 2014-12-18 00:15:17

“གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་བྱེད་པས་སྒྲོབ་ཉམས་མེད་པར་སེམས་རྣལ་དུ་ཕབ་ནས་འབྲོག་པ་མང་ཚོགས་ཚོར་བདེ་སྡུག་འདྲི་བ་དང་།ཁྱིམ་ལས་སྒྲུབ་པ།རྣམ་གྲངས་བརྩོན་ལེན་བཅས་བྱས་པ་མ་ཟད།ང་ཚོར་འཚོ་བའི་མཁོ་ཆས་སྤྲད་པ་དང་སྦྲགས།རང་ཉིད་ཀྱི་དངུལ་བཏོན་ནས་ང་ཚོའི་དཀའ་ངལ་སེལ་རོགས་བྱས་བྱུང”ཞེས་པ་ནི་ས་དགའ་རྫོང་གཞུང་རུ་ཤང་རྨ་བྱ་གྲོང་ཚོའི་མང་ཚོགས་ཚོས་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་རུ་ཁག་ལ་བྱས་པའི་གདེང་འཇོག་རེད།    གྲོང་ཚོར་བཅའ་སྡོད་བྱེད་རིང་།འབྲོག་པ་མང་ཚོགས་ཀྱི་བསམ་འཆར་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་མཐིལ་རྟོགས་དང་གནད་ལ་འཁེལ་པོ་ཡོང་བ་བྱེད་ཆེད།ལས་དོན་རུ་ཁག་གིས་མགྱོགས་མྱུར་ངང་མ་སྐུལ་དང་ལེན་གྱིས་འབྲོག་ཁྱིམ་དང་སྦྲ་གུར་དུ་བསྐྱོད་དེ་སྔ་རྗེས་སུ་བསམ་འཆར་བསྡུ་ལེན་དང་།བཞུགས་མོལ་ཚོགས་འདུ་འཚོག་པ།མང་ཚོགས་ལ་བཅར་འདྲི་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་རྣམ་པ་སྣ་ཚོཌ་ཀྱི་བརྟག་དཔྱད་མཐིལ་རྟོགས་བྱེད་སྒོ་སྤེལ་ཡོད་པ་རེད།བཅར་འདྲི་བྱས་པ་བརྒྱུད་ལས་དོན་རུ་ཁག་གིས་ཁྱོན་བསམ་འཆར་95དང་།བཞུགས་མོལ་ཚོཌ་འདུ་ཐེངས་8 འབྲོག་ཁྱིམ་72ཀྱི་མི་ཐེངས་987ལ་བཅར་འདྲི་བྱས་པས་གནད་དོན་མི་འདྲ་བ་17རྩད་ཆོད་པ་རེད།

དུས་མཚུངས་ད་དུང་ལས་དོན་རུ་ཁག་གིས་འབྲོག་པ་མང་ཚོགས་ཀྱི་ཚོགས་ཆེན་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་པའི་བཞུགས་མོལ་ཚོགས་འདུ་སོགས་ཀྱི་རྣམ་པའི་ཐོག་ནས་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཤིང་།སྔ་རྗེས་སུ་མང་ཚོགས་ཀྱི་ཚོགས་ཆེན་ཐེངས་8དང་།ཏང་ཡོན་ཚོགས་འདུ་ཐེངས་4 གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་པའི་སློབ་སྦྱོང་ཐེངས་18 རྣམ་པ་མི་འདྲ་བའི་བཞུགས་མོལ་ཚོགས་འདུ་ཐེངས་12བཅས་འཚོགས་ཡོད་པ་རེད།མིག་སྔའི་བར་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་186.75བཏང་ནས་དམངས་འཚོ་ལེགས་སུ་གཏོང་བ་དང་།མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པ།ཆུ་རག་རྒྱག་པ།སློབ་སྐྱོར་བྱེད་པ་སོགས་ལས་གྲྭ་དང་རྣམ་གྲངས་ཆུང་གྲས་20ལྷག་ཙམ་བསྐྲུན་ཡོད་པ་རེད།

ལས་དོན་རུ་ཁག་གིས་ཐབས་ཤེས་བཙལ་ཏེ་ལས་གཏོད་ཀྱི་འདུ་ཤེས་དང་འཕེལ་རྒྱས་ཀྱི་འདུ་ཤེས་འབྲོག་པ་མང་ཚོགས་དབུལ་བཅོས་ཕྱུག་འགྱུར་གྱི“འགག་རྩའི་གནད་”དང“རྐང་པ་འཛུགས་སར”བརྩིས་པ་མ་ཟད།རྨང་གཞི་རང་བཞིན་དང་རྒྱུན་གཏན་རང་བཞིན་གྱི་ལས་ཀར་བརྩིས་ཏེ་དམ་འཛིན་ལྷོད་མེད་བྱས་ཡོད།རྨ་བྱ་གྲོང་ཚོར་སྒོར་ཁྲི་10ཡི་ཨར་འདམ་ཏུན་50རག་ཐབས་བྱས་པ་དང་།“གཅེས་སེམས་སྒོ་རྩིས་ཁྲོམ་རའི”རྣམ་གྲངས་ལག་བསྟར་བྱས་པ།ནང་སའི་ས་གནས་མང་པོའི་ལས་བྱེད་པར་འབྲེལ་བ་བྱས་ཏེ་རྨ་བྱ་གྲོང་ཚོའི་ཁྱིམ་དུད་72ཀྱི་མང་ཚོགས་295ལ་སྒོར་ཁྲི་20ཡི་གྱོན་ཆས་དང་།ཡིག་ཆས།རྩེད་ཆས་སོགས་དངོས་པོ་ཞལ་འདེབས་བརྒྱབ་ཡོད་པ་རེད།  ལས་དོན་རུ་ཁག་གིས་མི་དམངས་ཁྲིམས་ཁང་དང་ཁྲིམས་འཛིན་ལས་དོན་གྱི་ལེགས་ཆ་སྤྱད་དེ་གྲོང་ཚོའི(ཨུ་ལྷན་གཉིས)མང་ཚོགས་འདུམ་འགྲིག་རྩ་འཛུགས་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་ཤིང་།འགལ་ཟླའི་རྩོད་གཞི་129གྲལ་བཤེར་དང་འདུམ་སྒྲིག་ཐག་གཅོད་ཧུར་ཐག་བྱས་ཏེ་འགལ་ཟླ་གྲོང་ཚོ་ནས་མེད་པར་བྱས་པ་དང་།མགོ་འབུས་མ་ཐག་ནས་མེད་པར་བཟོས་པ་མ་ཟད།《རྩ་ཁྲིམས》དང་《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》སོགས་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་མང་ཚོགས་ཀྱི་ཁྲོད་དུ་སྤེལ་ནས་གཞི་རིམ་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་གསུང་སྒྲ་གོ་དཀའ་བའི་གནད་དོན་བསལ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།