ད་ལོའི་དུས་ཚིགས་དང་པོར་གཞིས་རྩེ་གྲོང་ཁྱེར་ལ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་1.7བྱུང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-05-15 10:34:16

འདི་ལོ་ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྱིས“བརྗིད་ཉམས་ལྡན་པའི་ཇོ་རི་དང་། ངོ་མཚར་ཆེ་བའི་གཙང་། བཀྲ་ཤིས་པའི་གཞིས་རྩེ”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པ་དང་། བོད་ཀྱི་རིག་གནས་ཡུལ་སྐོར་ལྟེ་གནས་དང་འཛམ་གླིང་གི་རིག་གནས་ཡུལ་སྐོར་དམིགས་ས་གཏོད་རྒྱུ་དམིགས་ཚད་དུ་བྱས་ཏེ་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བས་ཡུལ་སྐོར་ལས་དོན་ཐད་ཚད་བརྒལ་གསར་པ་བྱུང་ཞིང་། དུས་ཚིགས་དང་པོར་གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་18.3ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་18%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་1.7བྱུང་བ་དེ་དུས་མཚུངས་ལས་46%འཕར་ཡོད་པ་རེད།

གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཕུར་བུ་བཀྲ་ཤིས་ཀྱིས་དུས་ཚིགས་དང་པོར་གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ལ་གྲུབ་འབྲས་ཡག་པོ་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་ནི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་མཛེས་ལྗོངས་ཁུལ་(ས་ཚིགས)གསར་སྤེལ་དང་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་ཆབས་ཅིག་ཉིན་གཅིག་གི་ཡུལ་སྐོར་ཁྲོམ་ར་དང་དགུན་དུས་ཀྱི་ཡུལ་སྐོར་ཁྲོམ་ར་ཉིན་བཞིན་འཁྲུག་ཏུ་ཕྱིན་པ་དང་། “བོད་རིཌ་བོད་དུ་ཡུལ་སྐོར་བྱེད་པའི”དྲིལ་བསྒྲགས་བྱེད་སྒོར་ཕན་འབྲས་བཟང་པོ་ཐོན་ནས་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་དེ་གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་བ། གུང་གསེང་དཔལ་འབྱོར་གྱིས་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཐུབ་པ་བཅས་ཀྱིས་རེད་ཅེས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།