གཞིས་རྩེ་གྲོང་ཁྱེར་གྱིས་ཁྱོན་ཡོངས་ནས་གྲོས་མོལ་དམངས་གཙོའི་མ་ལག་འཐུས་ཚང་དུ་བཏང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-03-16 10:01:28

ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ལམ་ལུགས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྟེགས་བུ་འཛུགས་པ། ལག་ལེན་གཏིང་ཟབ་ཏུ་གཏོང་བ་བཅས་ཕྱོགས་གསུམ་ཐད་ནས་གྲོས་མོལ་དམངས་གཙོའི་མ་ལག་ཁྱོན་ཡོངས་ནས་འཐུས་ཚང་དུ་བཏང་སྟེ་མང་ཚོགས་དང་ས་གནས་དེ་གའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་ལེགས་པའི་ཞབས་འདེགས་ཞུས་པ་རེད།

ལམ་ལུགས་འཐུས་ཚང་དུ་བཏང་ནས་གྲོས་མོལ་དམངས་གཙོའི་རྣམ་པ་ལེགས་སུ་བཏང་བ། གཞིས་རྩེ་གྲོང་ཁྱེར་གྱིས“སྦྲེལ་མཐུད་གསུམ་དང་། འབྲེལ་འདྲིས་གཅིག སྙན་ཞུ་གཅིག”བཅས་ཀྱི་གྲོས་མོལ་གྲོས་དོན་དང་བརྟག་ཞིབ་བྱ་གཞི་འདེམས་པའི་སྒྲིག་སྲོལ་ཏེ། ཏང་སྲིད་སྡེ་ཚན་དང་། སྲིད་གྲོས་ཨུ་ཡོན། སྤྱི་ཚོགས་ལས་རིགས་ཁག་བཅས་གསུམ་དང་སྦྲེལ་མཐུད་བྱེད་པ་དང་། གྲོང་ཁྱེར་སྲིད་གཞུང་དང་འབྲེལ་འདྲིས་བྱེད་པ། གྲོང་ཁྱེར་ཨུ་ལྷན་ལ་སྙན་ཞུ་བྱེད་པ་བཅས་ཀྱི་སྒྲིག་སྲོལ་བཙུགས་ཤིང་། སྒྲིག་སྲོལ་དེས་གྲོས་མོལ་སྒྲིག་སྲོལ་སྔར་བས་འཐུས་ཚང་དང་། བརྒྱུད་རིམ་སྔར་བས་ཚད་ལྡན། ཕན་འབྲས་སྔར་བས་མངོན་གསལ་དོད་པོ་བཅས་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད། 2014ལོར་གྲོང་ཁྱེར་སྲིད་གྲོས་ཀྱིས་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་དང་། མཐའ་མཚམས་འགག་སྒོ་འཛུགས་སྐྲུན། མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་གཏོང་བ། དགོན་སྡེ་དོ་དམ་བྱེད་སྟངས་གསར་གཏོད་བཅས་ཀྱི་དཔྱད་གཞི་བཞིར་སྔ་རྗེས་སུ་བརྟག་ཞིབ་གཏིང་ཟབ་བྱས་ནས་མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་དུ་གྱུར་པའི་གླེང་མང་ཤོས་ཀྱི་དཀའ་གནད་དང་དེ་བཞིན་དམངས་འཚོའི་ཐད་ཀྱི་གནད་དོན་དངོས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ལ་ཞུས་པ་རེད།

གསར་གཏོད་བྱེད་རྒྱུར་དོ་སྣང་བྱས་ནས་གྲོས་མོལ་དམངས་གཙོའི་སྟེགས་བུ་བཙུགས་པ། ཆེད་དོན་གྲོས་མོལ་དང་། ཁ་གཏད་གྲོས་མོལ། གཏོགས་ཁོངས་གྲོས་མོལ། གྲོས་གཞི་ཐག་གཅོད་གྲོས་མོལ་བཅས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ་རྩ་བའི་ཚད་གཞིར་བཟུང་ཐོག་ཏང་སྲིད་ལས་ཁུངས་དང་། སྲིད་གྲོས་རྩ་འཛུགས། མི་དམངས་ཚོགས་པ། གཞི་རིམ་རྩ་འཛུགས། སྤྱི་ཚོགས་ཚོགས་པ་བཅས་ཀྱི་གྲོས་མོལ་ཐབས་ལམ་རྒྱ་ཆེར་བཏང་ནས་དུས་ཚིགས་རེར་གྲོས་མོལ་བཞུགས་མོལ་ཚོགས་འདུ་གསར་གཏོད་དང་སྤེལ་བས་གྲོས་མོལ་སྔར་བས་འཁྲུག་པོར་གྱུར་ནས་ཕན་འབྲས་ཀྱང་སྔར་བས་ཕུན་སུམ་ཚོགས་སུ་གྱུར་བ་རེད། 2014ལོར་གྲོང་ཁྱེར་སྲིད་གྲོས་ཀྱིས་གྲོས་མོལ་ཚོགས་འདུ་སྔ་རྗེས་སུ་ཐེངས་12འཚོགས་པ་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལྟེ་བའི་ལས་དོན་དང་གཙོ་ཆེའི་ཐབས་ཇུས་བཀོད་སྒྲིག་ལྟེ་བར་བཟུང་ཐོག་ཆེད་དོན་གྲོས་མོལ་ཚོགས་འདུ་སྔ་རྗེས་སུ་ཐེངས་6འཚོགས་པས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུ་སོགས་སྤྱི་ཚོགས་ཀྱི་གླེང་མང་བའི་གནད་དོན་ཐད་དམངས་གཙོའི་གྲོས་མོལ་བྱས་པ། ཚང་འཛོམས་གྲོས་ཚོགས་དང་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་སྟེགས་བུར་བཟུང་ནས་ཚོགས་ཆུང་ཁག་བགོས་ངང་ཞིབ་འཇུག་གྲོས་མོལ་བྱེད་པའི་རྣམ་པའི་ཐོག་ནས་གཏོགས་ཁོངས་གྲོས་མོལ་སྒྲིག་སྲོལ་གསར་གཏོད་བྱས་ནས་འཐུས་ཚང་དུ་བཏང་སྟེ་སློབ་གསོ་དང་། བཟོ་ཚོང་། འཕྲོད་བསྟེན། རིག་གནས་སོགས་གཏོགས་ཁོངས་15ཡི་ཕྱི་ནང་སྦྲེལ་མཐུད་དང་སྒོ་དབྱེ་མཉམ་འགུལ་བྱེད་པའི་གཏོགས་ཁོངས་སྲིད་གླེང་ལས་དོན་གྱི་རྣམ་པ་འཚོལ་ཞིབ་བྱས་ནས་ཆགས་པར་བྱས་ཡོད།

རང་འགུལ་ངང་བྱ་སྤྱོད་སྤེལ་ནས་གྲོས་མོལ་དམངས་གཙོ་ལག་ལེན་གཏིང་ཟབ་ཏུ་བཏང་བ། གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་དང་། ཨུ་ཡོན་ཚོར་བསམ་འཆར་དང་གྲོས་འགོའི་སྤུས་ཚད་དང་བསྟར་འཐུས་རང་བཞིན་མཐོ་རུ་གཏོང་བའི་ཁྲིད་སྟོན་བྱེད་རྒྱུར་དོ་སྣང་། གནད་དོན་རྙོག་འཛིང་ཅན་ལ་གོ་བ་ཡང་དག་ལོན་ཚད་དང་ལས་ཀའི་མ་འོངས་སྔོན་མཐོང་རང་བཞིན་མཐོར་གཏོང་བཅས་བྱས་པའི་ཁར་ཞིབ་འཇུག་གཙོ་གནད་དེ་ཁྱོན་ཡོངས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་འགག་རྩའི་གནད་དོན་ཐོག་བཞག་སྟེ་ཟུར་ཚད་མི་འདྲ་བའི་ཐད་ནས་བདེན་པ་བདེན་ཐུབ་ཀྱི་སྒོ་ནས་གནད་དོན་འདོན་པ་དང་དེར་ཞིབ་འཇུག་བྱས་ནས་རིམ་ཁག་སྲིད་གཞུང་ལ་ཚན་རིག་དང་མཐུན་ཞིང་ལག་ལེན་བསྟར་འཐུས་ཀྱི་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། གྲོང་ཁྱེར་སྲིད་གྲོས་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་དམངས་འཚོ་ལེགས་གཏོང་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གྲོང་རྡལ་ཆུང་ངུ་འཕེལ་རྒྱས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། གདོད་མའི་རིག་གནས་རྒྱུན་འཛིན། སྐད་གཉིས་སློབ་ཁྲིད་ལ་ཤུགས་སྣོན་སོགས་གྲོས་གཞི་100ཚུད་པའི་བསམ་འཆར་དང་གྲོས་འགོ་115ཕུལ་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།