ངའི་ཁྱིམ་གྱི་གནས་ཚུལ་དང་བོད་ལ་བྱུང་བའི་འགྱུར་ལྡོག

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-02-04 12:38:00

0204bt1.jpg

འདི་ནི་བོད་རྙིང་པར་ལྷ་ཀླུ་གཞིས་ཀའི་ཞིང་བྲན་བཀྲ་ཤིས་སྒྲོལ་མས་ཐོག་པང་དམའ་བའི་སྡོད་ཁང་གོག་ཧྲུལ་ཞིག་ནང་ཡ་ང་བའི་འཚོ་བ་སྐྱེལ་བའི་གནས་ཚུལ་ཡིན་པ། 

ངའི་ཁྱིམ་གྱི་གནས་ཚུལ་དེ་ལོ་དུས་བཞི་དང་ལོ་སུམ་ཅུ་ཟིན་པ་གསུམ་ནས་གླེང་བར་བྱ།

ལོ་དུས་དང་པོ་ནི་1921ལོ་ཡིན་ཞིང་།ཀུན་གྱིས་ཤེས་གསལ་ལྟར་ལོ་དུས་འདིའི་ཆེས་རླབས་ཆེན་གྱི་བྱ་བ་ཞིག་ནི་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དེ་རེད།ཡིན་ནའང་ང་ཚོའི་ཁྱིམ་ལ་ཆ་མཚོན་ན་ལོ་དུས་འདིར་གལ་ཆེ་ཤོས་ཤིག་ནི་ངའི་སྤོ་བོ་ལགས་འཁྲུངས་པ་དེ་ཡིན།1921ལོར་རྒྱལ་ཡོངས་མི་དམངས་རྣམས་མཚོ་ལྟར་ཟབ་ལ་མེ་ལྟར་ཚ་བའི་སྤྱི་ཚོགས་ཤིག་ནང་འཚོ་བཞིན་ཡོད་ཅིང་།དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་བོད་དུ་ཚོང་འགྲུལ་ལམ་བུ་ཞིག་གཏོད་རྩིས་བྱས།1921ལོར་བོད་རིགས་སྤུན་ཟླ་མང་ཆེ་བས་གུང་ཁྲན་ཏང་ཞེས་པ་གང་ཞིག་ཡིན་པ་ཤེས་ཀྱི་མེད།འོན་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བའི་བོད་ཀྱི་མི་དམངས་ལ་ཚེ་སྲོག་བསྐྱར་ཐོབ་ཀྱི་སྐྱ་འོད་ཅིག་འཕྲོ་རྒྱུའི་རྟགས་མཚན་བསྟན།

ལོ་དུས་གཉིས་པ་ནི་1951ལོ་ཡིན་ཞིང་།ལོ་དེར་ངའི་སྤོ་བོ་ལགས་དགུང་ལོ་སུམ་ཅུར་ཕེབས།ལོ་སུམ་ཅུའི་རྗེས་ཀྱི་སྤོ་བོ་ལགས་ཀྱི་འཚོ་བ་སྔར་བཞིན་འགྱུར་ལྡོག་གང་ཡང་བྱུང་མེད་པར་ཆེས་མུན་ནག་དང་།ཆེས་གདུག་རྩུབ།ཆེས་རྗེས་ལུས་བཅས་ཀྱི་ལོ་རབས་སུ་གནས་ཡོད།དེ་དུས་ཁོང་ལྷ་སར་སྐད་གྲགས་ཡོད་པའི་མ་བྱན་ཞིག་ཡིན།ཡིན་ནའང་བཟོས་པའི་ཞིམ་ཟས་དག་བྲོ་བ་གཟིགས་པ་ཙམ་ལས་ཁོང་རང་གིས་ཐེངས་གཅིག་ཀྱང་མཆོད་མྱོང་མེད།ལོ་དེར་ངའི་པཱ་ལགས་འཁྲུངས་ཤིང་།སྤོ་བོ་ལགས་ཀྱིས་མ་བྱན་གནང་ནས་ངའི་པཱ་ལགས་དང་ཨ་ནེ་ལགས་གསོ་སྐྱོང་གནང་།བདེ་སྐྱིད་ཞེས་པའི་ཚིག་དེ་ངའི་སྤོ་བོ་ལགས་དང་སྐབས་དེའི་མིའི་ངོས་ནས་བརྗོད་ན་རྒྱུས་མངའ་གཏན་ནས་མེད་པའི་ཚིག་ཅིག་རེད།ཡིན་ནའང་རེ་བ་ཧ་ལམ་མཐོང་རྒྱུ་མེད་པའི་ལོ་དེ་འདྲ་ཞིག་སྟེ་1951ལོར་བོད་ཀྱི་ལོ་རྒྱུས་ཁ་ཕྱོགས་འགྱུར་འགོ་ཚུགས།1951ལོའི་ཟླ་5ཚེས་23ཉིན་ཀྲུང་གོ་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས་པེ་ཅིང་དུ《གྲོས་མཐུན་དོན་ཚན་བཅུ་བདུན》བཞག་སྟེ་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་དམངས་ཚོས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་མྱོང་ཚོར་ཟབ་མོ་ཐུབ།

ལོ་དུས་གསུམ་པ་ནི་1981ལོ་ཡིན་ཞིང་།ལོ་དེར་ངའི་པཱ་ལགས་དགུང་ལོ་སུམ་ཅུར་ཕེབས་ཡོད།ངའི་པཱ་ལགས་འཁྲུངས་པའི་ལོ་སུམ་ཅུའི་ནང་བོད་ལ་བྱུང་བའི་འགྱུར་ལྡོག་ནི་ངའི་སྤོ་བོ་ལགས་ཀྱི་བསམ་ཡུལ་ལས་འདས་པ་ཞིག་ཡིན།ངའི་པཱ་ལགས་ནི་སྤོ་བོ་ལགས་དང་འདྲ་བར་སྐྱེ་དུས་ནས་ཞིང་བྲན་མིན་པར་1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཡར་ལངས་བཅིངས་འགྲོལ་ཐོབ་པའི་རང་གི་བདག་པོ་ཞིག་ཡིན།ངའི་པཱ་ལགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་དུ་སློབ་གསོ་དང་ལེན་གནང་ཞིང་།ལས་ཀར་ཞུགས་ནས་རྒྱལ་ཁབ་དང་།སྤྱི་ཚོགས།རང་ཉིད་བཅས་ཀྱི་ཆེད་ལས་ཀ་བྱེད་མཁན་དང་འཚོ་བ་སྐྱེལ་མཁན་ཞིག་ཏུ་གྱུར།1981ལོར་བོད་དུ་སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་ལྡང་སྟེ་གང་ཅིར་དབྱར་མཚོ་རྒྱས་པ་བཞིན་གོང་ནས་གོང་དུ་འཕེལ།ལོ་འདིར་ངའི་པཱ་ལགས་ཏང་ནང་ཞུགས་ནས་གུང་ཁྲན་ཏང་ཡོན་ཞིག་ཏུ་གྱུར།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་60འཁོར་བའི་རྗེས་སུ་ང་ཚོའི་ཁྱིམ་དང་གཟི་བརྗིད་ལྡན་པའི་ཀྲུང་གོ་གུང་ཁྲན་ཏང་དབར་འབྲེལ་འདྲིས་དམ་ཟབ་བྱུང་།

ལོ་དུས་བཞི་པ་ནི་2014ལོ་ཡིན་ཞིང་།ལོ་དེར་ང་རང་ཀྱང་ལོ་སུམ་ཅུར་སླེབས་ཉེར་ཡོད།ང་རང་1985ལོར་སྐྱེས་པ་ནས་ད་བར་གྱི་ལོ་སུམ་ཅུ་ཙམ་ནང་བདེ་སྐྱིད་ཀྱི་འཚོ་བ་བསྐྱལ།1991ལོར་ང་རང་སློབ་གྲྭར་སྐྱོད་པ་ཡིན།ང་དང་འདྲ་བའི་ཁྱིམ་ཚང་ཕལ་པའི་ཕྲུ་གུ་ཚང་མར་དཀར་ཆ་དོད་པའི་སློབ་ཁང་ནང་ཤེས་བྱ་ཡོན་ཏན་སྦྱོང་རྒྱུ་བྱུང་།དེ་ལྟ་བུ་ནི་ངའི་སྤོ་བོ་ལགས་བྱིས་པའི་དུས་སུ་བློ་ཡུལ་དུའང་མི་འཁོར་བ་ཞིག་ཡིན།རང་ཉིད་སློབ་ཆུང་དུ་བསྐྱོད་རྒྱུ་བྱུང་བ་མ་ཟད།ད་དུང་སློབ་འབྲིང་དང་སློབ་ཆེན་དུའང་བསྐྱོད་རྒྱུ་བྱུང་ནས་མཐར་རྒྱལ་ཁབ་ཀྱི་གཞུང་ལས་པར་གྱུར།

ང་དང་ལོ་ཟླ་མཉམ་པའི་མི་འགས་ང་ཚོར་འཚོ་བ་ཡག་པོ་དེ་འདྲ་སྐྱེལ་རྒྱུ་བྱུང་བ་ནི་ང་ཚོའི་བསོད་ནམས་ཡིན་པ་དང་ང་ཚོ་དུས་རབས་གསར་པར་སྐྱེས་པས་ཡིན་ཞེས་ཤོད་སྲིད།ངས་བྱས་ན་དེ་ཕྱེད་ཀ་ལས་འགྲིག་མེད།ང་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པར་སྐྱེས་པ་ནི་ང་ཚོའི་བསོད་བདེ་ངོ་མ་ཡིན།འོན་ཏེ་བསོད་བདེ་དེ་ནི་གནམ་ནས་ཟགས་པ་ཞིག་མིན་པར་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཁྲི་སྟོང་མང་པོས་རང་སྲོག་བློས་བཏང་བ་ལས་བྱུང་བ་ཞིག་རེད།བོད་གསར་རྙིང་བསྡུར་བའི་ལེ་ཚན་ལྟ་རིམ་བཞིན་ངས་ངའི་སྤོ་བོ་ལགས་དང་།པཱ་ལགས།རང་ཉིད་བཅས་ཀྱིས་བསྐྱལ་བའི་འཚོ་བ་ཕན་ཚུན་བསྡུར་བ་བྱེད་ཀྱི་ཡོད།གསར་རྙིང་བསྡུར་བ་བྱེད་པ་དེ་རིགས་ནི་ང་ཚོའི་ཁྱིམ་ཚང་གི་འགྱུར་ལྡོག་དང་།བོད་ཀྱི་འགྱུར་ལྡོགཀྲུང་གོ་ཧྲིལ་པའི་འགྱུར་ལྡོག་བཅས་ཀྱི་མཚོན་བྱེད་རི་མོ་ལྟ་བུ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།