རིན་སྤུངས་རྫོང་གིས་གཅིག་འཐུས་རྣམ་པའི་དམངས་ཕན་ཞབས་འདེགས་ཞུས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:19

ཉེ་ཆར་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་བའི་ནང་རིན་སྤུངས་རྫོང་གིས་ཤང་གྲོང་ཁག་གི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།“གཅིག་འཐུས་རྣམ་པའི”དམངས་ཕན་ཞབས་འདེགས་ཞུས་ཏེ་ཤང་གྲོང་གི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དེ་མང་ཚོགས་བློ་ཡིད་ཚིམ་པའི་ཞབས་ཞུའི་སྐར་ཁུང་དང་ཏང་དང་མང་ཚོགས་འབྲེལ་བ་བྱེད་སའི་སྦྲེལ་ཟམ་དུ་གྱུར་བ་བྱས་ཡོད།

མི་སེར་ལ་སྟབས་བདེ་ཡོང་བ་བྱ་རྒྱུའི་ཞབས་ཞུའི་འདུ་ཤེས་མངོན་པ་བྱས་པ་དང་རྫོང་དེའི་གཞི་རིམ་གྱི་དོན་དངོས་དང་བསྟུན་ནས《དམངས་ཕན་ཞབས་ཞུའི་ཁས་ལེན་ལམ་ལུགས》དང《འགན་འཁྲི་བདའ་འདེད་ལམ་ལུགས》སོགས་ལམ་ལུགས་བཅུ་བཏོན་པ་དང《དམངས་ཕན་ཞབས་ཞུའི་ལས་དོན་གྱི་བརྒྱུད་རིམ》འཐུས་ཚང་དུ་བཏང་བའི་ཁར་ཞབས་ཞུའི་ནང་དོན་ཕྱོགས་ཡོངས་ནས་ཡོངས་བསྒྲགས་བྱས་པར་བརྟེན་མང་ཚོགས་ཀྱིས་འགྲོ་ལུགས་གཉེར་རྒྱུའི་གོ་རིམ་དང་།ཞབས་འདེགས་ཞུ་ཐབས།ཁས་ལེན་དུས་ཚོད་སོགས་གསལ་པོ་མཐོང་བ་མ་ཟད།དམངས་ཕན་ཞབས་ཞུ་ཚད་ལྡན་ཅན་དང་སྟབས་བདེ་ཅན་དུ་གྱུར་ཐུབ་པ་བྱུང་ཡོད།

ཤང་གྲོང་ཁག་གི་མང་ཚོགས་ཀྱི་དོན་དངོས་ལ་གཞིགས་ནས།རྫོང་ཇུས་འདྲིའི་ལས་གནས་དང་།སྤྱི་ཚོགས་འགན་སྲུང་ལས་གནས།དམངས་སྲིད་ལས་དོན་ལས་གནས།ཏང་ཡོན་ཞབས་ཞུའི་ལས་གནས།འཕྲོད་བསྟེན་ལས་གནས་སོགས་ལས་གནས་བརྒྱད་བཙུགས་པ་དེ་དག་ཞབས་ཞུའི་རྣམ་གྲངས་33དང་འབྲེལ་བ་ཡོད་ལ།མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཕྱོགས་ཁག་ཏུ་ཁྱབ་ཡོད།དེ་དང་ཆབས་ཅིག་ལས་གནས་ཀྱི་དགོས་མཁོ་དང་བསྟུན་ནས་སྒེར་གྱི་ཁྱད་ཆོས་དང་ལས་སྒོ་བྱང་ཆུབ་མིན་ལ་གཞིགས་ནས་ལས་གནས་གསོ་སྦྱོང་བྱས་པ་དང་འབྲེལ་དམིགས་ས་ཡོད་པའི་སྒོ་ནས་ལས་གནས་ཐོག་མ་སྐྱོད་གོང་གི་གསོ་སྦྱོང་བྱས་པ་རེད།

“བློ་ཡིད་ཚིམ་མིན་མང་ཚོགས་ཀྱིས་བཤད་པར་བརྩི་བའི”ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་པ་དང་རྫོང་དེས་ལས་སྒོ་བསྡུར་བ་དང་།ཞབས་ཞུའི་སྤུས་ཚད་བསྡུར་བ།ལས་གནས་ཀྱི་སྤུས་རྟགས་བསྡུར་བ་བཅས“བསྡུར་བ་གསུམ”གྱི་བྱེད་སྒོ་སྤེལ་བ་དང་མང་ཚོགས་ལ“ཞབས་ཞུ་རིམ་པའི་སྐར་མ”དང་།“ལས་གནས་ཀྱི་དཔེ་དམག”“དར་དམར་གྱི་སྐར་ཁུང”བཅས་དཔྱད་འདེམས་བྱེད་དུ་བཅུག་པ་མ་ཟད།གཟེངས་བསྟོད་ལྕག་སྐུལ་གྱི་ལམ་སྲོལ་བཙུགས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཡོན་ལས་བྱེད་པའི་སྤྲོ་སེམས་འཕེལ་བ་བྱས་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།