རྣམ་གླིང་རྫོང་གིས་འགྲན་རྩོད་གདན་ཞུ་བྱས་ནས་དགེ་རྒན་12ལས་གནས་གསར་པར་འབྱོར་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-01 09:41:48

གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གིས་སློབ་གསོའི་སྤུས་ཚད་གོང་མཐོར་གཏོང་བ་དང་དགེ་རྒན་དཔུང་ཁག་གི་ཆེད་ལས་འཇོན་ཐང་ཡར་རྒྱས་གཏོང་སེམས་ཆེ་རུ་གཏོང་ཆེད། རྫོང་ཁོངས་ཀྱི་དགེ་རྒན་དཔུང་ཁག་ཁྲོད་འགྲན་རྩོད་གདན་ཞུའི་བྱེད་སྒོ་སྤེལ་བ་རེད།

ཤེས་རྟོགས་བྱུང་གསལ། ད་ཐེངས་ཀྱི་འགྲན་རྩོད་གདན་ཞུའི་བྱེད་སྒོ་དེ་དྲང་བཞག་དང་ཡོངས་བསྒྲགས་ཁ་གསལ་ཡོང་ཕྱིར། འགྲན་རྩོད་གདན་ཞུའི་རྩ་དོན་ལ་དམ་པོར་དམིགས་ནས་ཡིག་རྒྱུགས་དང་ངོ་འཕྲད་རྒྱུགས་ལེན་གྱི་བྱ་ཐབས་སྤྱད་པ་མ་ཟད། གདན་ཞུའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་འགྲན་ཞུགས་དགེ་རྒན་ཁྱོན་19ལ་ཕྱོགས་ཡོངས་ནས་རྟོག་ཞིབ་ཏན་ཏིག་དང་ས་ཆ་དངོས་ལ་དཔྱད་བསྡུར་ཞིབ་ཕྲ་བྱས་མཐར་ཕྱོགས་ཁག་གི་སྐར་གྲངས་ལ་གཞིགས་ནས་དགེ་རྒན་12གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ལས་གནས་གསར་པར་བསྐྱོད་པའི་གོ་སྐབས་ཐོབ་ཡོད་པ་རེད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།