ཝང་གཡུང་ཅུན་གྱིས་རྣམ་གླིང་རྫོང་དུ་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-03-18 10:02:56

ཟླ་3ཚེས་15ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི། གཞིས་རྩེ་གྲོང་ཁྱེར་དུ་བསྐྱོད་མཁན་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་བཅས་ཡིན་པའི་ཝང་གཡུང་ཅུན་རྣམ་གླིང་རྫོང་དུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་མ་ཟད། གཞི་རིམ་གྱི་ལས་དོན་མི་སྣ་དང་། གྲོང་ཚོར་བཅའ་སྡོད་ལས་བྱེད་པ། དེ་བཞིན་དཀའ་ངལ་ཡོད་པའི་མང་ཚོགས་བཅས་ལ་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

ཝང་གཡུང་ཅུན་གྱིས་རྣམ་གླིང་རྫོང་མདོ་བརྗོད་ཤང་མི་དམངས་སྲིད་གཞུང་དུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེ་སོགས་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། མདོ་བརྗོད་གྲོང་ཚོར་ཝང་གཡུང་ཅུན་གྱིས་གྲོང་ཚོའི་སྨན་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་། མདོ་བརྗོད་གྲོང་ཚོའི་གཞི་རྩའི་གནས་ཚུལ་མཁྱེན་རྟོགས་གནང་རྗེས་ཁོང་གིས་ནོར་སྲིད་ཀྱི་གཏོང་ཆར་ཤུགས་སྣོན་རྒྱག་པ་དང་གྲོང་ཚོའི་ལས་བྱེད་པའི་ཐོབ་ཐང་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ནས་གྲོང་ཚོའི་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་དང་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱེད་དགོས་པ་དང་། མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་སྔར་བས་རྒྱ་ཆེར་གཏོང་བ་དང་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་ནས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ། ལས་གནས་མུ་མཐུད་བརྟན་སྲུང་བྱེད་པ་དང་ཚད་མཐོའི་དོགས་ཟོན་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་མུ་མཐུད་སྲུང་སྐྱོང་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

རྣམ་གླིང་རྫོང་གི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི“འགན་འཁྲི་ཁག་གཉིས”ཀྱི་ལས་དོན་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་ཞུ་གསན་རྗེས་ཝང་གཡུང་ཅུན་གྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཐད་སྔར་བཞིན་འཕྲད་པའི་ཛ་དྲག་ལ་རྙོག་འཛིང་ཆེ་བའི་དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེར་དམ་འཛིན་ལྷོད་མེད་བྱེད་པ། བསམ་བློ་ལྷོད་གཡེང་དུ་མི་གཏོང་བ། ལས་དོན་སྤེལ་ཤུགས་ཆུང་དུ་མི་གཏོང་བ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་སྲིང་ལྷོད་མེད་ངང་ཡག་པོ་སྒྲུབ་དགོས་པ་དང་། སྤྱི་ཚོགས་ཁྱོན་ཡོངས་ལ་ལྟ་སྐུལ་དོ་དམ་ཤུགས་ཆེར་བྱེད་པ་དང་། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་ངན་པ་བཟོ་བའི་ཁྲིམས་འགལ་བྱ་སྤྱོད་ཁྲིམས་ལྟར་ཐག་གཅོད་བྱེད་པ་བཅས་ཀྱི་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།