བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་སྐུལ་འདེད་ཐེབས་ཡོད།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-01-16 09:56:28

ཉེ་བའི་ལོ་ཤས་རིང་།ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་དང་རྒྱབ་སྐྱོར་གནང་ནས་མ་འཇོག་བྱེད་ཤུགས་རིམ་བཞིན་ཆེ་རུ་བཏང་བ་དང་བསྟུན་ནས་བོད་ཀྱིས་2004ལོ་ནས་བཟུང་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ཐད་ཁྱད་པར་ཡོད་པའི་འཕེལ་རྒྱས་འཐབ་ཇུས་དངོས་སུ་ལག་བསྟར་བྱས་པས་གཙོ་གནད་ཚད་བརྒལ་དང་ཁྱོན་ཡོངས་ནས་སྐུལ་འདེད་ཐེབས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།2014ལོའི་ལོ་མཇུག་ཏུ་བོད་ཀྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ཐད་རིམ་རྩིས་བརྒྱབ་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་32.58བསྡུ་སྒྲིལ་བྱས་ནས་བཏང་བ་དང་།བོད་ཀྱི་ས་ཁུལ(གྲོང་ཁྱེར)བདུན་དུ་ནས་དང་།སྔོ་ཚལ།བོད་བྱ་སོགས་རིགས་བཅུ་གཉིས་ཀྱི་ཁྱད་ལྡན་ཐོན་ལས་རྣམ་གྲངས་450ལྷག་ཙམ་ལག་བསྟར་བྱེད་རྒྱུ་བཀོད་སྒྲིག་བྱས་ཡོད་པ་རེད།

འདི་ནི་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཆུམ་ཤང་དཔལ་འཛོམས་གྲོང་ཚོའི་བོད་བྱ་གསོ་ཚགས་རྟེན་གཞི་ཡིན་པ།

འདི་ནི་གཞིས་རྩེ་གྲོང་ཁྱེར་གཙང་གཞུང་ཁྱད་ལྡན་ཞིང་ལས་ཐོན་རྫས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་མི་ཚོས་གཞིས་རྩེའི་སྲོལ་རྒྱུན་གྱི་ཁ་ཟས་གྲགས་ཅན་བང་ཕིག་བཟོ་བའི་གནས་ཚུལ་ཡིན་པ།

འདི་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྷ་ཀླུ་བཞོན་མ་ཚད་ཡོད་ཀུང་སིའི་གསོ་ཚགས་ཁུལ(གསོ་ཚགས་ར་བ)གྱི་ལས་བཟོ་ཚོས་མར་དང་འོ་མ་ཉར་ཚགས་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།