རྣམ་གླིང་རྫོང་གི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:15

རྣམ་གླིང་རྫོང་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ཁོངས་སུ་གཏོགས། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་ཀྱི་རྫོང་ཞིག་ཡིན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་དབུས་ལྷོ་རྒྱུད་དང་། གཞིས་རྩེ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད། ཡར་ཀླུང་གཙང་པོའི་དབུས་སྟོད་ཀྱི་བྱང་ངོགས་སུ་གནས་ཡོད། རྣམ་གླིང་རྫོང་གི་ཤར་སྙེ་མོ་རྫོང་དང་འབྲེལ་བ་དང་། ནུབ་བཞད་མཐོང་སྨོན་རྫོང་དང་འབྲེལ་བ། བྱང་ཤན་རྩ་དང་དཔལ་མགོན་རྫོང་གཉིས་དང་འབྲེལ་བ། ཤར་ལྷོ་རིན་སྤུངས་རྫོང་དང་འབྲེལ་བ། ལྷོ་གཞིས་རྩེ་གྲོང་ཁྱེར་དང་གཙང་པོ་གཅིག་གིས་ཆོད་ཡོད།

ས་དབྱིབས་ཆགས་ཚུལ་ཤར་བྱང་མཐོ་བ་དང་། ལྷོ་ནུབ་དམའ་བ། ལྷོ་བྱང་ངོགས་གཉིས་སུ་རི་ཚོགས་ཀྱིས་ཁེངས་པ། ལྷོ་རྒྱུད་དུ་ཞེང་ཚད་ཆེ་ཆུང་མི་འདྲ་བའི་རོང་ས་ཡོད་པ་དང་དབུས་སུ་བྱང་ནས་ལྷོར་རྒྱུག་པའི་ཆུ་བོ་ཡོད།

རྫོང་ནང་གི་མཛེས་ལྗོངས་གྲགས་ཅན་གྲས་སུ་མེ་རི་དགོན་དང་། བདེ་ཆེན་རབ་རྒྱས་དགོན། ལྕགས་ཐག་ཟམ་པ་སོགས་ཡོད། ལོ་རྒྱུས་ཐོག་གི་མི་སྣ་གྲགས་ཅན་གྲས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་དང་། པཎ་ཆེན་སྐུ་ཕྲེང་ལྔ་པ་དང་། དྲུག་པ། བརྒྱད་པ་བཅས་ཡོད།

2013ལོ་བར་རྣམ་གླིང་རྫོང་ཡོངས་སུ་གྲོང་རྡལ་1དང་། ཤང་16 གྲོང་ཚོ་152ཡོད། 2013ལོའི་ལོ་མཇུག་ཏུ་སྤྱིའི་མི་འབོར་76235ཟིན་པ་དེའི་ནང་ཞིང་འབྲོག་མི་འབོར་74014ཡོད།

རྫོང་དེར་ཡངས་ཤིང་རྒྱ་ཆེ་བའི་ས་ཆའི་ཐོན་ཁུངས་དང་གཏེར་སའི་ཐོན་ཁུངས་ཡོད། 2013ལོའི་ལོ་མཇུག་ཏུ་རྣམ་གླིང་རྫོང་གི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་8848ཟིན་ཞིང་།རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་10.62ཡོད་པ་དང་མི་རེར་ཆ་སྙོམས་རྨོ་ཞིང་མུའུ་1.48ཡོད། ལྡུམ་རའི་རྒྱ་ཁྱོན་མུའུ་313.7ཟིན་པ་དང་རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་729.32ཡོད། ས་གཤིས་སྡེ་ཚན་གྱིས་རྩད་ཞིབ་རགས་ཙམ་བྱས་པར་གཞིགས་ན། རྣམ་གླིང་རྫོང་གི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་སྟེང་གཏེར་ཐོན་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དཔེར་ན། གསེར་དང་། དངུལ། ཟངས། ལྕགས། ཏི་ཚ་དཀར་པོ་སོགས་ཡོད། རྩད་ཆོད་ནས་སྔོག་འདོན་བྱ་རྒྱུ་གཏན་འཁེལ་ཟིན་པའི་གཏེར་ཁུལ་5ཡོད་པ་དང་སོག་ཆེན་ཤང་གི་ཟངས་དང་ཏི་ཚ་དཀར་པོའི་གཏེར་ཁུལ་ཀྲུང་ནེའི་གཞུང་ལམ་འགྲམ་དུ་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།