རྣམ་གླིང་རྫོང་གིས་གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་གི་སློབ་གསོའི་བྱེད་སྒོ་སྤེལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:19

ཉེ་ཆར་རྣམ་གླིང་རྫོང་སྡེ་ཚོགས་ཨུ་ལྷན་གྱིས་རྫོང་སློབ་འབྲིང་དང་པོའི་ཚོགས་ཁང་དུ“ངའི་ཉེ་འགྲམ་ཀྱི་བཅའ་ཁྲིམས”ཞེས་པའི་བརྗོད་དོན་གཙོ་བོའི་དང་བླངས་པའི་འཆད་ཁྲིད་ཚོགས་པས་སློབ་ཁང་དུ་འཆད་ཁྲིད་བྱེད་པའི་བྱེད་སྒོ་སྤེལ་བ་དང་སློབ་འབྲིང་སློབ་མ་180ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

འཆད་ཁྲིད་ཀྱི་ནང་དོན་དོན་དངོས་དང་ཉེ་བཅར་དང་གོ་བདེ་ཤེས་སླ་ཞིང་།སློབ་མ་ཚོའི་ཉེ་འགྲམ་དུ་ཐོན་པའི་དོན་དངོས་དང་གསོན་ཉམས་ལྡན་པའི་གནས་ཚུལ་འབོར་ཆེན་ཐོག་ནས་གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་གི་ཁྱད་ཆོས་ངོ་སྤྲོད་དང་།གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་གི་རྒྱུ་རྐྱེན་གཙོ་བོ་དབྱེ་ཞིབ་བྱས་ནས་གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་གི་ཐབས་ཇུས་བཏོན་པ་རེད།

ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་སློབ་མའི་ཡིན་མིན་དབྱེ་འབྱེད་དང་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་དང་ནུས་པ་མཐོ་རུ་ཕྱིན་ནས།ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ཀྱིས་མི་སྒེར་དང་།ཁྱིམ་ཚང་།སྤྱི་ཚོགས་བཅས་ལ་བཟོས་པའི་གནོད་འཚེ་ཚབས་ཆེན་ངོས་འཛིན་ཐུབ་པ་དང་།ཁྲིམས་འགལ་དང་ཉེས་གསོག་བྱ་སྤྱོད་སྤེལ་རིགས་ཀྱི་འཁུར་དགོས་པའི་བཅའ་ཁྲིམས་ཀྱི་འགན་འཁྲི་གསལ་པོ་ཤེས་ནས།ནར་མ་སོན་པའི་མིའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་ནུས་ལྡན་ཐུབ་པ་དང་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད་པ་རེད།

འཆད་ཁྲིད་མཇུག་བསྒྲིལ་རྗེས་དང་བླངས་པའི་འཆད་ཁྲིད་ཚོགས་པས་ད་དུང་སློབ་མ་རྣམས་རྣམ་གླིང་རྫོང་གཞོན་ནུ་ལོ་ཆུང་གི་ཉེན་བརྡའི་སློབ་གསོའི་རྟེན་གཞི་སྟེ་རྣམ་གླིང་རྫོང་ཉེས་ཅན་ལྟ་སྲུང་ཁང་དུ་ལྟ་སྐོར་ལ་ཁྲིད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།