རྣམ་གླིང་རྫོང་མང་ཚོགས་རིག་གནས་ཐང་ཆེན་རྣམ་གྲངས་འཛུགས་སྐྲུན་བྱེད་བཞིན་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:19

རྣམ་གླིང་རྫོང་མང་ཚོགས་རིག་གནས་ཐང་ཆེན་འཛུགས་སྐྲུན་རྣམ་གྲངས་ནི་རིག་གནས་དང་ཡུལ་སྐོར།དམངས་སྲོལ།ཚོང་ལས་བཅས་མཉམ་དུ་ཡིན་པའི་ཕྱོགས་བསྡུས་མང་ཚོགས་རིག་གནས་ཐང་ཆེན་ཞིག་ཡིན།རྣམ་གྲངས་འདི་འཛུགས་སྐྲུན་ཟིན་རྗེས་རྣམ་གླིང་རྫོང་མི་དམངས་ཀྱི་བསམ་བློའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་འགྲོ་རྒྱུ་ཡིན་པ་རེད།རྣམ་གྲངས་འདིས་རྣམ་གླིང་རྫོང་ལ་སྤྱི་པའི་བྱེད་སྒོ་སྤེལ་སའི་གནས་མཁོ་འདོན་བྱས་ཡོད།དུས་མཚུངས་ཐང་ཆེན་ཁུལ་གྱི་ཞབས་ཞུའི་ལས་རིགས་ལ་སྐུལ་འཁྲིད་བྱས་ནས་ཡུལ་སྐོར་ལས་རིགས་དང་ཚོང་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་ཏེ།ས་ཆ་འདིའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་རྒྱུ་རེད།དེ་མིན་རྒྱ་ཆེའི་མང་ཚོགས་ལ་སྟབས་བདེ་དང་སྐྱིད་པའི་ཁོར་ཡུག་སྐྲུན་རྒྱུ་ཡིན།

མིག་སྔར།རྣམ་གྲངས་འཛུགས་སྐྲུན་བདེ་བླགསངང་བྱས་བཞིན་ཡོད་པ་རེད།མ་འཇོག་སྒོར་ཁྲི་445བྱས་ནས་ཐང་ཆེན་ཕྱོགས་གསུམ་གྱི་སྤྱི་ལེ་3.19ཡི་བགྲོད་ལམ་བཟོས་ཡོད་པ།མ་འཇོག་སྒོར་ཁྲི་109བྱས་ནས་མཛེས་ལྗོངས་ལས་གྲྭ་འཛུགས་སྐྲུན་བྱས་ཡོད།ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་རྫོང་མང་ཚོགས་རིག་གནས་ཐང་ཆེན་འཛུགས་སྐྲུན་རྣམ་གྲངས་ལ་ཁྱོན་མ་འཇོག་སྒོར་ཁྲི་492.89བྱས་ཡོད་པའི་98%ལེགས་གྲུབ་ཟིན་ཡོད།ཐང་ཆེན་གྱི་ཁག་དང་པོའི་ལས་གྲྭའི་འཛུགས་སྐྲུན་དང་ཁུལ་དེའི་ཚོང་ལས་ཁུལ་གྱི་སྤྱིའི་འཆར་འགོད་བྱས་པ་དང་དུས་མཚུངས་རྣམ་གླིང་རྫོང་གི་ཐང་ཆེན་ཁུལ་གྱི་ཚོང་ལས་གསར་སྤེལ་རྣམ་གྲངས་ཀྱི་ཚོང་ལས་ཁང་པ་ལ་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་3850.8ཡོད་པར་མ་འཇོག་འཆར་གཞི་སྒོར་ཁྲི་693ཡིན་པ་རེད།དེའི་ནང་གི་ཚོང་ལས་ལ་སྤྱོད་པའི་ཐོག་བརྩེགས་ཁང་ཆེན་གཉིས་སྐྲུན་བཞིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།