ས་ཡོམ་གནོད་འཚེའི་རྗེས་ཀྱི་གཉའ་ལམ་རྫོང་སློབ་འབྲིང་།

ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

| 2015-05-06 11:21:44

1.jpg

གྲལ་སྟར་སྒྲིག་ནས་འཐུང་ཆུ་དབོར་བཞིན་པའི་སློབ་མ་ཚོ།

2.jpg

སློབ་སྤྱིའི་ལས་རོགས་ཚེ་དབང་དཔལ་ལྡན་ལགས་ཀྱིས་འདི་ག་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བཞིན་པ།

འདི་ག་ལས་ཁུངས་ཀྱི་གསར་འགོད་པ་ཚེ་རིང་ཕུན་ཚོགས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས༢༨ཉིན་གསར་འགོད་པ་གཉའ་ལམ་རྫོང་སློབ་འབྲིང་དུ་བསྐྱོད་ནས་སློབ་འབྲིང་དེའི་ས་ཡོམ་རྗེས་ཀྱི་གནས་ཚུལ་ལ་ཤེས་རྟོགས་བྱས་ལ། གཉའ་ལམ་རྫོང་སློབ་འབྲིང་གི་སློབ་སྤྱིའི་ལས་རོགས་ཚེ་དབང་དཔལ་ལྡན་ལགས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན། ད་ཐེངས་ཀྱི་ས་ཡོམ་གནོད་འཚེའི་ཁྲོད་དགེ་སློབ་ཚང་མར་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་མེད་ཅིང་། མིག་སྔར་སློབ་འབྲིང་དེའི་དགེ་སློབ་ཆ་ཚང་སློབ་གྲྭའི་ལུས་རྩལ་ཐང་ཆེན་ཐོག་གུར་ཕུབ་ནས་གཅིག་གྱུར་བཀོད་སྒྲིག་བྱས་ཡོད་པ་མ་ཟད། གཉའ་ལམ་རྫོང་ཡར་སླེབས་ཤང་ནས་གཉའ་ལམ་རྫོང་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས། སློབ་གྲྭར་གུར་དང་བཟའ་ཆ། ཆུ་སོགས་འབྲེལ་ཡོད་ཀྱི་རོགས་སྐྱོབ་དངོས་རྫས་ཁག་རིམ་བཞིན་དབོར་འདྲེན་བྱེད་བཞིན་ཡོད་ལ། གུར་ཕྱི་ནང་གི་དུག་སེལ་དང་ནད་ཡམས་སྔོན་འགོག་སོགས་ཀྱི་འཕྲོད་བསྟེན་ལས་དོན་ཁག་ཀྱང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པས་སེམས་ཁྲལ་མེད་པ་རེད།

3.jpg

དགེ་སློབ་ཚོས་གཅིག་གྱུར་བཀོད་སྒྲིག་ཁུལ་གྱི་ཁོར་ཡུག་གཙང་སྦྲ་བྱེད་བཞིན་པ།

4.jpg

ཉིན་གུང་གུར་ནང་མཉམ་འཛོམས་བྱས་པའི་སློབ་མ་ཚོ།

ཁོང་གིས་ད་དུང་ས་ཡོམ་ཁྲོད་སློབ་གྲྭའི་ཉལ་ཁང་དང་སློབ་ཁང་གི་ནག་པང་སོགས་ལ་སེར་ག་ཤོར་ནས་དགེ་སློབ་རྣམས་ཉལ་ཐབས་མེད་ལ་སློབ་ཚན་ཀྱང་ཁྲིད་ཐབས་མེད་པར་གྱུར་ཡོད། གོ་སྐབས་བྱུང་ཚེ་སློབ་འབྲིང་ལོ་རིམ་དང་པོ་དང་ལོ་རིམ་གཉིས་པའི་སློབ་མ་རྣམས་ཕྱིར་སློག་གཏོང་རྒྱུ་དང་། སློབ་འབྲིང་ལོ་རིམ་གསུམ་པ་ནི་སློབ་རིམ་འཕར་མཚམས་སུ་སླེབས་ཡོད་པས། ཆ་རྐྱེན་བྱུང་ཚེ་འབྲེལ་ཡོད་ཀྱི་སློབ་ཚན་ཁག་ཆ་རྐྱེན་འཛོམས་པའི་ས་ཆར་སླར་གསོ་ཐུབ་རྒྱུའི་རེ་བ་འཆང་གཞིན་ཡོད་ཅེས་གསུངས་བྱུང་།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།