ལྷ་རྩེ་རྫོང་གིས་ཕྱོགས་བསྡུས་ལས་དོན་གཏིང་ཟབ་སྤེལ་བའི་ཕྱོགས་སུ་སྐུལ་འདེད་བཏང་བ།

| 2015-04-07 17:15:57

གསར་འགོད་པས་ཉེ་ཆར་ལྷ་རྩེ་རྫོང་ནས་ཤེས་རྟོགས་བྱས་པར། 2014ལོ་ནས་བཟུང་རྫོང་དེས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཏང་ཡོན་གྱི་ཕྱོགས་བསྡུས་ཁས་ལེན་ལམ་ལུགས་དང་། ཏང་ཡོན་གྱི་ལས་གནས་འགན་འཁྲིའི་ལམ་ལུགས། ཏང་ཡོན་ཆ་སྒྲིག་གི་སློབ་རོགས་ལམ་ལུགས། ཏང་ཡོན་ངོ་ཐུག་ཚོགས་འདུའི་ལམ་ལུགས་བཅས་ཀྱི་བྱ་ཐབས་བཞི་སྤྱད་ཐོག་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀའི་བྱ་ཐབས་གསར་གཏོད་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་དེ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་བ་རེད།

ཏང་ཡོན་གྱི་ཕྱོགས་བསྡུས་ཁས་ལེན་ལམ་ལུགས་ལག་བསྟར་བྱས་ཤིང་། ཏང་ཡོན་གྱི་ཕྱོགས་བསྡུས་ཁས་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཏང་ཡོན་གྱིས་ཡོངས་བསྒྲགས་ངང་ཁས་ལེན་བྱས་པ་བརྒྱུད་ཏང་ཡོན་ལ་རང་ངོས་ལྟ་སྐུལ་དོ་དམ་དང་། སྣེ་ཁྲིད་དེ་འགལ་བ་སེལ་བ། རྩོད་གཞི་འདུམ་སྒྲིག་བཅས་བྱེད་དུ་བཅུག་སྟེ་གྲོང་གསེབ་ཏང་ཡོན་གྱི་ཕྱོགས་བསྡུས་ལས་དོན་གྱི“དཔེ་སྟོན་པའི”ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད། མིག་སྔར་རྫོང་ཡོངས་ཀྱི་ཏང་ཡོན་1230ཡིས“རང་ཁྱིམ་གྱི་སྒོ་ཡག་པོ་སྲུང་བ་དང་། མཐའ་སྐོར་གྱི་མང་ཚོགས་ཁྲིད་སྟོན་ཡག་པོ་བྱེད་པ”ཁས་ལེན་གྱི་ནང་དོན་གཙོ་བོར་བྱས་པ་དང་འབྲེལ་གྱང་ཐོག་ཡོངས་བསྒྲགས་བྱེད་པ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུས་པ་རེད།

ཏང་ཡོན་གྱི་ལས་གནས་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཤིང་། གྲོང་ཚོ་ཁག་ཏུ་འགལ་བ་གྲལ་བཤེར་དང་། བདེ་འཇགས་སྲུང་སྐྱོང་། རྩོད་གཞི་འདུམ་འགྲིག་བཅས་ཀྱི“ཏང་ཡོན་གྱི་ཕྱོགས་བསྡུས་ལས་་གནས”བཙུགས་ཤིང་། མིག་སྔར་སྲིད་འཛིན་གྲོང་ཚོ་978ལ་ཏང་ཡོན་གྱི་སྐོར་གཡེང་ལས་གནས་བཙུགས་ཡོད་པ་རེད།

ཏང་ཡོན་གྱི་ཆ་སྒྲིག་སློབ་རོགས་ལམ་ལུགས་བཙུགས་ཤིང་། གྲོང་ཚོའི་ཏང་ཀྲི་པུས་སློབ་རོགས་འཆར་གཞི་དང་སློབ་རོགས་འགན་འཁྲིའི་ལམ་ལུགས་བཙུགས་ནས་ཏང་གཤིས་ལྡན་པ་དང་། ཆབ་སྲིད་བྱང་ཚད་མཐོ་བ། མང་ཚོགས་ཀྱི་བསམ་བློའི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་གྲོང་གསེབ་ཀྱི་ཏང་ཡོན་ལ“གཅིག་གཏད་གཅིག”གི་སློབ་རོགས་བྱས་ནས་སློབ་རོགས་བྱ་ཡུལ་གྱིས་སྒྲིག་ཁྲིམས་སྲུང་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཁྲིམས་ལྟར་བྱ་བ་སྒྲུབ་ནས་གྲོང་ཚོའི་ཏང་ཡོན་གྱི་ཕྱོགས་བསྡུས་ལས་ཀའི“སློབ་སྟོན་པའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། མིག་སྔར་དུད་ཚང་དུ་སྒྲོག་འགྲེལ་ཐེངས་1298བྱས་པ་དང་དྲིལ་བསྒྲགས་དཔྱད་ཡིག་18049སྤྲད་པ་རེད།

ཏང་ཡོན་གྱི་ངོ་ཐུག་ཚོགས་འདུའི་ལམ་ལུགས་བཙུགས་ཤིང་། གྲོང་ཚོའི་ཏང་ཀྲི་པུས་ཟླ་རེའི་ཟླ་འགོར་ཏང་ཚོགས་ཆུང་གི་ཙུའུ་ཀྲང་གིས་ཕྱོགས་བསྡུས་ལས་ཀའི་འབྲེལ་གཏུག་ཚོགས་འདུ་དང་མཐུན་སྦྱོར་ཚོགས་འདུ་འཚོག་རྒྱུ་མཐའ་འཁྱོངས་ཀྱིས་ཉམས་མྱོང་སྤེལ་རེས་བྱས་ནས་ལས་ཀའི་ཁྲོད་ཐོན་པའི་གནད་དོན་ཐུན་མོང་ཐོག་ཞིབ་འཇུག་དང་། གྲོས་མོལ། ཐག་གཅོད་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འཕྲེད་ཕྱོགས་འགོ་ཁྲིད་ལམ་སྲོལ་བཙུགས་པ་རེད། མིག་སྔར་གྲོང་ཚོ་ཁག་གིས་ཏང་ཡོན་གྱི་ངོ་ཐུག་ཚོགས་འདུ་ཐེངས་60ལྷག་ཙམ་འཚོགས་པ་དང་། གནད་དོན་30ལྷག་ཙམ་ཐག་གཅོད་བྱས་པ། འགལ་བ་དང་རྩོད་གཞི་ཁག་26སེལ་བ་བཅས་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།