ལྷ་རྩེའི་“སྟོད་གཞས་རིག་གནས་དུས་ཆེན”ལས་འཕྲོས་པའི་བློ་བསྐྱེད།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-25 16:34:43

སྟོད་གཞས་རིག་གནས་དུས་ཆེན་ཏེ་“སྟོད”ནི་ཡར་རླུང་གཙང་པོའི་སྟོད་ཀྱི་ངམ་རིང་རྫོང་། དིང་རི་རྫོང་། ལྷ་རྩེ་རྫོང་། ས་སྐྱ་རྫོང་དང་མངའ་རིས་ས་ཁུལ་གྱི་ཕྱོགས་མཚམས་ཤིག་ལ་ཟེར་ཞིང་། “གཞས”ནི་གླུ་གར་གྱི་དོན་ཡིན་པས་ “སྟོད་གཞས”ནི་གཞིས་རྩེ་ས་ཁུལ་དུ་རྒྱ་ཁྱབ་ཆེ་ཞིང་གཙང་ཁུལ་གྱི་ཁྱད་ཆོས་ལྡན་པའི་གླུ་དང་བྲོ། སྤྲོ་སྣང་བཅས་མཉམ་འདུས་ཅན་གྱི་དམངས་ཁྲོད་ཞབས་བྲོ་ཞིག་ཡིན་ལ་ལྷ་རྩེ་རྫོང་དུའང་དར་ཁྱབ་ཧ་ཅང་ཆེ།

སྟོན་ཟླ་ར་བའི་དུས་སུ་“སྟོད་གཞས་ཀྱི་ཕ་ཡུལ”དུ་གྲགས་པའི་ལྷ་རྩེ་རྫོང་གི་མི་དམངས་རྣམས་ལོ་ལེགས་ཀྱི་སྟོན་ཏོག་བསྡུ་བའི་ངལ་རྩོལ་གྱི་ལས་ལ་བྲེལ་ནས་གང་སར་སྤྲོ་སྣང་གི་རྣམ་པས་ཁེངས།  སྐབས་དེར་གཉེར་བའི་ལྷ་རྩེའི་སྟོད་གཞས་རིག་གནས་དུས་ཆེན་ཏེ་ཚོང་འདུས་ཆེན་མོའི་དུས་ཆེན་གྱིས་རྒྱ་ཆེའི་མང་ཚོགས་རྣམས་ལ་ཚོང་ཟོག་གི་དངོས་པོའི་ཐོན་འབྲས་བྱུང་བ་མ་ཟད་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་ཀྱི་གྲུབ་འབྲས་ཀྱང་ཐོབ་ཡོད།  བྱེད་སྒོ་འདི་སྤེལ་ནས་ལྷ་རྩེའི་སྟོད་གཞས་རིག་གནས་ཀྱི་ཚོང་རྟགས་དེ་ཁྱབ་སྤེལ་བཏང་བ་དང་དུས་མཚུངས། ཚོང་ཟོག་བརྗེ་རེས་ཀྱི་ཚོང་འདུས་ཆེན་མོ་དེ་སྤེལ་ནས་སྔར་ལས་ལྷག་པའི་སྒོ་ནས་ལྷ་རྩེའི་ཕྱི་ཕྱོགས་ཉོ་ཚོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ་མ་ཟད། དེས་ཕྱོགས་གཅིག་ནས་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་དང་།  ཕྱོགས་གཞན་ཞིག་ནས་ཁོང་ཚོར་དཔལ་འབྱོར་ཐོག་དོན་དངོས་ཀྱི་ཕན་པ་ཐོབ་ཡོད།  དེ་ནི་“རིག་གནས་ཀྱི་གར་སྟེགས་སྐྲུན་ནས་དཔལ་འབྱོར་འབབ་འཕར་ཡོང”ཞེས་པ་སྟེ་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་འཕེལ་རྒྱས།  ཕན་ཚུན་ཡར་རྒྱས་ཡོང་བ་བྱེད་པ་དེ་ཡིན།

ད་ཐེངས་ཀྱི་བྱེད་སྒོ་འདི་སྤེལ་བ་བརྒྱུད། དང་ཐོག་ལྷ་རྩེའི་“སྟོད་གཞས”རིག་གནས་ཀྱི་ཚོང་རྟགས་དེའི་ཤུགས་རྐྱེན་ནུས་པར་གོང་མཐོར་ཕྱིན་ཡོད་ལ། “སྟོད་གཞས”རིག་གནས་ཐོན་ལས་དེ་ལྷ་རྩེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐུལ་འདེད་གཏོང་རོགས་བྱེད་མཁན་ཞིག་ཏུ་འགྱུར་ཡོད།  ཉེ་བའི་ལོ་ཤས་རིང་དུ་ལྷ་རྩེའི་སྟོད་གཞས་ཀྱི་རྒྱ་ཁྱབ་ལས་དོན་ཁག་ལེགས་པར་སྤེལ་བས།  ལྷ་རྩེའི་“སྟོད་གཞས”དེ་ལྷ་རྩེ་དང་བོད་ལྗོངས་ཙམ་མ་ཟད་པར་ཐ་ན་རྒྱལ་མཚམས་ལས་ཡོངས་སུ་གྲོལ་ནས་མི་མང་པོས་རྒྱུས་ལོན་བྱུང་ཡོད་ལ་མི་རིགས་རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ལམ་བུར་བསྐྱོད་ཡོད།  ད་ཐེངས་ཀྱི་རིག་གནས་དུས་ཆེན་དེ་བརྒྱུད་ནས་ལྷ་རྩེས་“སྟོད་གཞས”ཀྱི་རིག་གནས་ཐོན་ཁུངས་དེ་སླར་ཡང་བསྡུ་རུབ་བྱས་ནས་སྐད་གྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད།   དེའི་རྨང་གཞིའི་ཐོག་ཆེད་ལས་ཀྱི་རིག་གནས་ཚོགས་པ་སྒྲིག་འཛུགས་བྱས་ནས་དོ་དམ་ལ་ཤུགས་སྣོན་རྒྱབ་སྟེ་“སྟོད་གཞས”རིག་གནས་ཞེས་པའི་ཚོང་རྟགས་དེ་རིག་གནས་ཐོན་ལས་ཞིག་ཏུ་འགྱུར་ཡོད་ལ་ཐོན་ལས་དེ་བྱེད་ཤུགས་ཆེ་རུ་བཏང་ནས་“སྟོད་གཞས”ཀྱི་རིག་གནས་ཐོན་ལས་དེས་དོན་ངོ་མའི་ཐོག་ནས་ལྷ་རྩེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱེད་མཁན་ཞིག་ཏུ་འགྱུར་ཐུབ་ཡོད།

ད་ཐེངས་ཀྱི་བྱེད་སྒོ་དེས་དུས་མཚུངས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་དོན་དངོས་ཀྱི་ཕན་པ་བྱུང་ཡོད།  ད་ཐེངས་ཀྱི་ཚོང་འདུས་དེས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་གོ་སྐབས་བཟང་པོ་ཞིག་བྱུང་ཡོད་ལ། ཚོང་འདུས་ཐོག་ཞིང་འབྲོག་མང་ཚོགས་ཀྱིས་རང་ཉིད་ཀྱིས་ཐོན་ཟོག་སྟེ་གཡག་ཤ་དང་ལུག་ཤ་སོགས་བཙོང་ཐུབ་ནས་རང་ཉིད་ཀྱི་ཡོང་འབབ་འཕར་སྣོན་བྱུང་ཡོད་ལ་དུས་མཚུངས་རང་ཉིད་ལ་མཁོ་བའི་འཚོ་བའི་མཁོ་བྱད་རྣམས་ཉོ་འཚོང་བྱེད་ཐུབ་ཡོད།  ཚོང་འདུས་ཀྱི་དམིགས་ཡུལ་གཙོ་བོ་དེ་ཡང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་དཀའ་གནད་སེལ་བ་དང་། ཡོང་འབབ་འཕར་སྣོན་ཡོང་བ་བྱེད་པ། དུས་མཚུངས་ལྷ་རྩེའི་ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་བྱེད་རྒྱུ་དེ་ཡིན།

བྱེད་སྒོ་སྤེལ་བའི་འགོ་ཚུགས་ས་ནི་དམངས་འཚོར་བཅོས་སྒྱུར་དང་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་པ་དེ་ཆེས་རྩ་བ་དང་ཆེས་རྨང་གཞིའང་ཡིན།  ད་ཐེངས་ཀྱི་སྟོད་གཞས་རིག་གནས་དུས་ཆེན་ཏེ་ཚོང་འདུས་དུས་ཆེན་སྤེལ་བའི་དམིགས་ཡུལ་གཙོ་བོའང་ཞིང་འབྲོག་མང་ཚོགས་ཚོ་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ་ཆེད་ཡིན།

ད་ཐེངས་ཀྱི་སྟོད་གཞས་རིག་གནས་དུས་ཆེན་ཏེ་ཚོང་འདུས་ཆེན་མོའི་དུས་ཆེན་དེས་ལྷ་རྩེ་རྫོང་གི་དམིགས་ཡུལ་གྲུབ་ཐུབ་ངེས་ཡིན་ལ།རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ཆེན་མོའང་མངོན་འགྱུར་ཡོང་ངེས་དང་།བསམ་པའི་རིག་གནས་ཀྱི་འཚོ་བའང་ཉིན་རེ་ལས་མ་འདས་པར་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་དང་དུས་མཚུངས་ཞིང་འབྲོག་མང་ཚོགས་ཚོ་འབབ་འཕར་ཕྱུག་འགྱུར་ཡོང་ངེས་ཡིན། 

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།