ལྷ་རྩེ་རྫོང་གི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:15

ལྷ་རྩེ་རྫོང་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་། གཞིས་རྩེ་གྲོང་ཁྱེར་གྱི་དབུས་རྒྱུད། གཉན་ཆེན་ཐང་ལྷའི་ཆེས་ནུབ་རྒྱུད་དུ་གནས་ཡོད། ཤར་ས་སྐྱ་རྫོང་དང་འབྲེལ་བ་དང་། ལྷོ་ནུབ་དིང་རི་རྫོང་དང་འབྲེལ་བ། ནུབ་ངམ་རིང་རྫོང་དང་འབྲེལ་བ། བྱང་བཞད་མཐོང་སྨོན་རྫོང་དང་འབྲེལ་ཡོད། རྫོང་གྲོང་ནས་གཞིས་རྩེ་གྲོང་ཁྱེར་བར་སྟོང་སྨི་150དང་གཞིས་རྩེ་ནས་ལྷ་ས་བར་སྟོང་སྨི་276ཡོད། རྫོང་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི་69དང་ལྷོ་བྱང་གི་ཞེང་ཚད་ལ་སྟོང་སྨི་98ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་4505ཡོད།

ལྷ་རྩེ་རྫོང་ཡོངས་སུ་ཤང་9དང་། གྲོང་རྡལ་2 རང་བྱུང་གྲོང་ཚོ་98བཅས་ཡོད། 2012ལོའི་ལོ་མཇུག་བར་སྤྱིའི་མི་འབོར་53516ཡོད། ལྷ་རྩེ་རྫོང་ཡོངས་སུ་ཤང་དགུ་དང་གྲོང་རྡལ(དེའི་ནང་ས་མ་འབྲོག་གི་ཤང་བཞི་ཚུད་པ)གཉིས་དང་། གྲོང་མི་ཨུ་ཡོན་ལྷན་ཁང(འབྲོག་ལས་ཁོ་ནའི་གྲོང་ཚོ་10ཚུད་པ)105 རྫོང་ཡོངས་སུ་གྲོང་མི་འདུས་སྡོད་ཀྱི་རང་བྱུང་གྲོང་ཚོ་378 འབྲོག་པའི་གཞིས་ཆགས་ཁུལ་ཉི་ཤུ་ལྷག་ཙམ་བཅས་ཡོད། ལྷ་རྩེ་རྫོང་དེ་ཉིད་སྔར་ནས་བཟུང་གཙང་ཁུལ་གྱི་འབྲུ་མཛོད་གྲས་ཤིག་ཡིན་ལ་བོད་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་ཞིང་ལས་དང་འབྲོག་ལས་ཐོན་སྐྱེད་ཀྱི་འདྲེས་མཚམས་ཤིག་ཀྱང་ཡིན། རྫོང་དེའི་རྩ་ཆེའི་སྲོག་ཆགས་ཐོན་ཁུངས་གྲས་སུ་གླ་བ་དང་། སྲམ། དགོ་བ། ཁྲུང་ཁྲུང་སྐེ་ནག་སོགས་ཡོད། ལྷག་དོན་དུ་ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྩ་ཆེའི་སྲོག་ཆགས་ཡིན་ཞིང་། ལོ་ལྟར་རྫོང་ཁོངས་སུ་འཚོ་གནས་བྱེད་མཁན་ཁྲུང་ཁྲུང་སྐེ་ནག་300ལྷག་ཙམ་ཟིན་གྱི་ཡོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁག་གཅིག་ཡོད་པ་དཔེར་ན། གླ་བ་དང་ཁྲུང་ཁྲུང་སྐེ་ནག་སོགས་ལ་ཚན་རིག་ཞིབ་འཇུག་དང་གསར་སྤེལ་བེད་སྤྱོད་ཀྱི་རིན་ཐང་ངེས་ཅན་ཞིག་ལྡན་ཡོད། རྩི་ཤིང་ཐོན་ཁུངས་གྲས་སུ་སྲོ་ལོ་དམར་པོ་དང་གངས་ལྷ་མེ་ཏོག་སོགས་རྩ་ཆེའི་སྨན་རྒྱུ་ཉུང་ཤས་ཡོད། ཆུའི་ཐོན་ཁུངས་ཐད། རྫོང་ཡོངས་སུ་གཙང་པོ་དང་ཆུ་བོའི་ལོ་རེའི་ཆུ་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་97.5ཟིན་པ་དང་ཆུ་ནུས་འདུས་ཚད་ཆན་ཝ་ཁྲི་20ཙམ་ཟིན་གྱི་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།