ལྷ་རྩེ་རྫོང་གིས་ཏང་ཡོན་དང་སྡེ་ཚོགས་ཀྱི་ཚོགས་མིའི་བྱང་ཚད་མཐོ་རུ་བཏང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:19

ཉེ་ཆར་གསར་འགོད་པས་ལྷ་རྩེ་རྫོང་ནས་ཤེས་རྟོགས་བྱས་པར།ཏང་ཡོན་འཕེལ་རྒྱས་གཏོང་བའི་བྱང་ཚད་སྔར་བས་མཐོ་རུ་གཏོང་བ་དང་ཏང་ཡོན་དང་སྡེ་ཚོགས་ཚོགས་མིའི་མཉམ་གཏོད་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་ཆེད།རྫོང་དེས་བྱེད་ཐབས་གསར་གཏོད་བྱས་ཏེ་ཏང་འཛུགས་ཀྱིས་སྡེ་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་སྡེ་ཚོགས་འཛུགས་སྐྱོང་གིས་ཏང་འཛུགས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཡོན་དང་སྡེ་ཚོགས་ཚོགས་མིའི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་རེད།

རྗེས་གྲབས་གསོ་སྦྱོང་ལ་དམ་འཛིན་བྱས་ཏེ་ཏང་དང་སྡེ་ཚོགས་མཉམ་གཏོད་ཀྱི་རྨང་རྡོ་བརྟན་པོ་བཏིང་ཞིང་།ལྷ་རྩེ་རྫོང་རྫོང་ཨུད་རྩ་འཛུགས་པུས་སྡེ་ཚོགས་རྫོང་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་བྱས་ཏེ་རྫོང་སློབ་འབྲིང་གསོ་སྦྱོང་གི་འཐབ་ས་གཙོ་བོར་བྱས་ནས་སྡེ་ཚོགས་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པའི་ཐོག་ཆུང་དུས་ནས་ཁོང་ཚོའི་ཏང་གཅེས་རྒྱལ་གཅེས་ཀྱི་འདུ་ཤེས་དང་ཆབ་སྲིད་ཀྱི་དད་སེམས་བརྟན་པོ་སྐྱེད་བསྲིང་བྱས་པ་དང་འབྲེལ།དེའི་ཁྲོད་ནས་ཕུལ་བྱུང་སྡེ་ཚོགས་ལེགས་འདེམས་བྱས་ཏེ་གཙོ་གནད་ཐོག་གསོ་སྦྱོང་བྱས་ནས་ཏང་ཡོན་ལ་འགྱུར་བ་བྱས་ཤིང་།ཞིང་འབྲོག་ཁུལ་དུ་བསྐྱོད་དེ“གསོ་སྦྱོང་གསུམ”གྱི་ལས་དོན་སྟེ།ཕུལ་བྱུང་སྡེ་ཚོགས་ཀྱི་ཚོགས་མི་གུང་ཁྲན་ཏང་ཡོན་ལ་གསོ་སྦྱོང་དང་།ཕུལ་བྱུང་གུང་ཁྲན་ཏང་ཡོན་གྲོང་ཚོའི་ལས་བྱེད་པར་གསོ་སྦྱོང།ཕུལ་བྱུང་གྲོང་ཚོའི་ལས་བྱེད་པ་གུང་ཁྲན་ཏང་ཡོན་ལ་གསོ་སྦྱོང་བཅས་བྱས་ཏེ་སྡེ་ཚོགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་།མིག་སྔའི་བར་ལྷ་རྩེ་རྫོང་དུ་སྡེ་ཚོགས་ཀྱི་ཚོགས་མི་50ཏང་ཡོན་ནང་བཅུག་པ་དང་།གཞོན་ནུ་1496སྡེ་ཚོགས་ནང་བཅུག་པ་དང་འབྲེལ་ཕུལ་བྱུང་གི་སྡེ་ཚོགས་ཚོགས་མི་70ཏང་ནང་འཇུག་རྒྱུ་གཙོ་གནད་དུ་བརྩིས་ནས་གསོ་སྦྱོང་བྱ་རྒྱུ་རེད།

ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་དང་སྡེ་ཚོགས་ཀྱི་མཉམ་སྐྲུན་རྣམ་པ་གསར་པ་བཏོད་ཅིང་།ཏང་དང་སྡེ་ཚོགས་ཀྱི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་ཏེ་རྫོང་ཨུད་རྩ་འཛུགས་པུའུ་དང་སྡེ་ཚོགས་རྫོང་ཨུ་ཡོན་ལྷན་ཁང་གིས་ལོ་ཕྱེད་ནང་མཉམ་འབྲེལ་གྲོས་ཚོགས་ཐེངས་གཅིག་འཚོགས་ཏེ་ཏང་རྩ་འཛུགས་ཀྱིས་ལྟེ་བ་བྱས་ནས་གཞོན་ནུ་རྩ་འཛུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཐོག་སྒྲིག་གཞིའི་ཐད་ཁ་གཏད་གཅོག་པའི་སྒྲིག་བཀོད་ཡོད་པ་དང་།མི་སྣའི་ཐད་གོ་གནས་བརྗེ་རེས་བྱེད་པ།ལས་ཀའི་ཐད་གཅིག་གྱུར་མཐུན་སྦྱོར་བཅས་བྱས་ཡོད།མིག་སྔའི་བར་སྐོར་སྐྱོད་ཏང་གི་སློབ་གྲྭའི་ཆེད་དོན་གསོ་སྦྱོང་དུས་ཐེངས་11གཉེར་བ་དང་མི་460གསོ་སྦྱོང་བྱས་པ་མ་ཟད།ཤང་གྲོང་གི་དུས་ཚིགས་རེའི་ཏང་གི་སློབ་ཚན་བྱེད་སྒོ་ཐེངས་22གཉེར་བ་དང་མི་ཐེངས་2600ཙམ་སློབ་ཚན་ནང་ཞུགས་ཡོད།

ལས་ཀའི་སྟེགས་བུ་བཏོད་པ་དང་གནོན་ཤུགས་སྤྲད་དེ་ཏང་ཡོན་གསོ་སྦྱོང་གི་ལམ་བུ་གསར་པ་རྒྱ་ཆེར་བཏང་ཞིང་།ལྷ་རྩེ་རྫོང་གིས་རྨང་བརྟན་དམངས་ཕན་དང་།“གཉིས་ལྡན་དུད་སྦྲེལ”གྱི་ཞབས་ཞུ་དོ་དམ།ཏང་གི་མང་ཚོགས་ལམ་ཕྱོགས་སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཤང་དང་གྲོང་ཚོའི་ཕུལ་བྱུང་སྡེ་ཚོགས་ཚོགས་མིར་ལས་འགན་སྤྲོད་པ་དང་འགན་དཀྲིས་ནས་ཁོང་ཚོར་ནུས་པ་འདོན་སའི་སྟེགས་བུ་བཏོད་པ་དང་གཞི་རིམ་གྱི་ལས་ཀའི་ལག་ལེན་དང་ཟུང་འབྲེལ་བྱ་རྒྱུར་གཙིགས་ཆེན་བྱས་ཏེ་གཞི་རིམ་གྱི་ལས་དོན་ཐག་གཅོད་དང་ཏང་གི་བྱེད་ཕྱོགས་སྲིད་ཇུས་ལག་ལེན་བྱེད་པའི་ཁོང་ཚོའི་ནུས་པ་ཆེ་རུ་བཏང་ཡོད།མིག་སྔའི་བར་ཕུལ་བྱུང་སྡེ་ཚོགས་ཀྱི་ཚོགས་མི་བཅོ་ལྔར“ལས་འགན”གཏན་འཁེལ་བྱས་པ་དང་སྡེ་ཚོགས་ཀྱི་ཚོགས་མི་200སྒྲིག་འཛུགས་བྱས་ཏེ་རྫོང་དང་།ཤང་།གྲོང་ཚོ་བཅས་ཀྱི་ཚོགས་འདུ་ཐེངས་20ཟུར་ཉན་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།