སྒྲ་སྙན་གྱི་གྲུབ་མཐའི་ཁྱད་ཆོས།ལྷ་རྩེའི་དཀྲོལ་སྟངས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:19

སྒྲ་སྙན་གྱི་གྲུབ་མཐའི་ཁྱད་ཆོས་སམ་དཀྲོལ་སྟངས་མི་འདྲ་བ་དེ་ཡུལ་ལུང་སོ་སོའི་གླུ་གར་རོལ་དབྱངས་ཀྱི་ཁྱད་ཆོས་དང་ཁ་བྲལ་ཐབས་མེད།དེ་ཡང་སྒྲ་སྙན་གྱི་དཀྲོལ་སྟངས་མི་འདྲ་བ་གྲུབ་པའི་སྔོན་འགྲོ་ནི་སྒྲ་སྙན་དར་ཁུར་གྱི་ས་གནས་སོ་སོའི་གླུ་གར་རོལ་དབྱངས་ཀྱི་ཁྱད་ཆོས་དེ་ཡིན་པ་མ་ཟད།ས་གནས་དེ་གའི་གླུ་གར་རོལ་དབྱངས་ཀྱི་ཁྱད་ཆོས་དང་འབྲེལ་བ་དམ་ཟབ་ཡོད་པས།དེ་དང་འབྲེལ་བའི་དཀྲོལ་སྟངས་ཀྱི་ཁྱད་ཆོས་གྲུབ་པ་ཞིག་ཡིན།དེ་དག་ཁྲོད་སྒྲ་སྙན་གྱི་སྒྲ་སྒྲིག་སྟངས་དང་དཀྲོལ་གཏོང་ཐབས་རྩལ་སོགས་ཚུད་ཡོད།

ས་ཁོངས་ཀྱི་དབྱེ་ཚུལ་མི་འདྲ་བ་དང་།ས་ཁུལ་ཁག་གི་གླུ་གར་རོལ་དབྱངས་ཀྱི་ཁྱད་ཆོས་མི་འདྲ་བར་གཞིགས་ནས་དབྱེ་ན།གཙོ་བོ་མངའ་རིས་ཀྱི་ཁྱད་ཆོས་དང་།དིང་རིའི་ཁྱད་ཆོས།ལྷ་རྩེའི་ཁྱད་ཆོས།ལྷ་སའི་ཁྱད་ཆོས།ཀོང་པོའི་ཁྱད་ཆོས།ཨ་མདོའི་ཁྱད་ཆོས།སྨར་ཁམས་ཀྱི་ཁྱད་ཆོས་བཅས་བདུན་ཡོད།

དོན་དངོས་ཐོག་ལྷ་རྩེའི་དཀྲོལ་སྟངས་ནི་དིང་རི་ཕུད་པའི་ལྷ་རྩེ་དང་།ས་སྐྱ་སོགས་གཞིས་རྩེའི་སྟོད་རྒྱུད་ཀྱི་དམངས་ཁྲོད་གླུ་གར་གྱི་རམ་སྐྱོར་དང་།སྒྲ་སྙན་དཀྲོལ་གཏོང་གི་རྣམ་པ་ཞིག་ཡིན།དེའི་སྒྲ་སྒྲིག་སྟངས་གཙོ་བོ་དཀྱུས་སྒྲིག་གམ་དབུས་སྒྲིག་སྤྱོད་པ་དང་།ཁྱད་ཆོས་གཙོ་བོ་ནི་དཀྲོལ་གཏོང་གི་ཤུགས་ཚད་དང་དབྱངས་འགྲོས་ལ་དོ་སྣང་བྱེད་པ་དེ་ཡིན།དཀྲོལ་གཏོང་བྱེད་སྐབས་མང་ཆེ་བས་སེན་ལྡེས་སྟེང་ནས་མར་བརྡར་བ་མ་ཟད།བསྟུད་མར་ཐེངས་མང་བརྡར་བས་རོལ་དབྱངས་ཀྱི་དབྱངས་འགྲོས་དེ་བས་མངོན་གསལ་དོད་དུ་འགྲོ་གི་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།