ལྷ་རྩེ་རྫོང་གིས་མེ་ཟོན་མེ་གསོད་ཀྱི་ནང་སྦྱོང་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:19

གནམ་གཤིས་སྐམ་ཤས་ཆེ་རུ་ཕྱིན་པས་ལྷ་རྩེ་རྫོང་མེ་ཟོན་རུ་ཆེན་གྱིས་ཚན་པའི་ལས་བཟོ་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་30ལྷག་ཙམ་སྒྲིག་འཛུགས་བྱས་ནས་མེ་ཟོན་བདེ་འཇགས་གསོ་སྦྱོང་བྱས་པ་རེད།

གསོ་སྦྱོང་བྱེད་རིང་ལྷ་རྩེ་རྫོང་མེ་ཟོན་རུ་ཆེན་གྱིས“དོན་དངོས་དང་ཉེ་བཅར་དང་།འཚོ་བར་ཉེ་བཅར།མང་ཚོགས་དང་ཉེ་བཅར”བཅས་བྱེད་པའི་རྩ་དོན་ལྟར་རྒྱུན་གཏན་གྱི་ལས་དོན་ནང་ཐག་གཅོད་བྱེད་པའི་མེ་ཟོན་གྱི་ལས་འཛོལ་གྱོད་དཔེ་བགྲངས་བ་དང་།མེ་སྐྱོན་གྱི་པར་རིས་འགྲེམས་སྟོན་བྱེད་པ།ཆག་སྒོ་ཕྱོགས་སྡོམ་བྱེད་པ་བཅས་ཀྱི་དྲན་སྐུལ་སློབ་གསོ་གཏོང་བ་དང་འབྲེལ་འཚོ་བའི་ནང་རྒྱུན་དུ་མཐོང་བའི་གོམས་གཤིས་ངན་པ་ལས་བྱུང་བའི་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་གསལ་བཤད་ཀྱང་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།