ཁང་དམར་རྫོང་མི་སྤྱི་ཅུས་ཀྱིས་ཞིང་འབྲོག་ལས་མིར་གླ་ཆ་སྤྲོད་རྒྱུར་ལྟ་སྐུལ་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-04-05 11:16:17

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། རྒྱ་ཆེའི་ཞིང་འབྲོག་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་ཞིང་འབྲོག་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་སྣང་ཚུལ་མ་ཐོན་པ་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་ཆེད། ཉེ་ཆར་ཁང་དམར་རྫོང་མི་སྤྱི་ཅུས་ཀྱིས་རྫོང་དེ་གའི་ཡུལ་སྐོར་ཅུས་དང་དུས་ཐོག་ཏུ་མཐུན་སྦྱོར་བྱས་ཏེ་ཞིང་འབྲོག་ལས་མིའི་གླ་ཆ་སྤྲོད་ཚུལ་ཐད་ལྟ་སྐུལ་བྱས་པ་རེད།

གླ་ཆ་མ་སྤྲད་པ་དང་དེ་མིན་གྱི་སྣང་ཚུལ་ངན་པ་མི་ཐོན་པ་བྱ་ཆེད་ཁང་དམར་རྫོང་མི་སྤྱི་ཅུས་ཀྱིས་ཡུལ་སྐོར་ཅུས་དང་མཉམ་དུ་གླ་ཆ་འགྱངས་ཆད་བྱས་པའི་ཞིང་འབྲོག་ལས་མི་ཡོངས་རྫོགས་སྐོང་བསྡུ་བྱས་ཏེ་རེ་རེ་བཞིན་གཡར་འཛིན་དང་ཐོབ་ཐང་གི་ཆ་འཕྲིན་གཞན་དག་ཞིབ་བསྡུར་བྱས་རྗེས་གླ་ཆ་ཁྱོན་སྒོར་21193སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་མི་སྤྱི་ཅུས་ཀྱིས་ད་ཐེངས་ཀྱི་ལས་མིའི་གླ་ཆ་སྤྲོད་པ་དེ་གོ་སྐབས་སུ་བྱས་ཏེ་དེ་གར་ཡོད་པའི་ཞིང་འབྲོག་ལས་མི་དང་གྲོང་ཚོ་ཨུ་ལྷན་གྱི་འགན་འཁུར་བར་རྒྱུན་སྤྱོད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། རྒྱ་ཆེའི་ཞིང་འབྲོག་ལས་མིས་བཅའ་ཁྲིམས་ལ་བརྟེན་ནས་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་ཞིང་འབྲོག་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཁྲིམས་ལུགས་ཀྱི་ཁོར་ཡུག་ཅིག་བཏོད་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།