ཁང་དམར་རྫོང་གི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:15

ཁང་དམར་རྫོང་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། ཧི་མ་ལ་ཡའི་བྱང་འདབས་སུ་གནས་ཡོད། གཞིས་རྩེ་གྲོང་ཁྱེར་བར་སྤྱི་ལེ་140ཡོད། རྫོང་དེ་ནི་འབྲོག་ལས་གཙོ་བོ་བྱེད་པའི་ས་མ་འབྲོག་གི་མཐའ་མཚམས་རྫོང་ཞིག་ཡིན། འབྲུག་ཡུལ་རྒྱལ་ལྡན་རྒྱལ་ཁབ་དང་ས་མཚམས་འབྲེལ་བ་དང་མཐའ་མཚམས་ཀྱི་ས་ཐིག་རིང་ཚད་སྤྱི་ལེ་78ཟིན་ཡོད། གྲོ་མོ་དང་། པ་སྣམ། རྒྱལ་རྩེ། སྣ་དཀར་རྩེ་བཅས་རྫོང་བཞི་དང་འབྲེལ་ཡོད།

2013ལོར་ཁང་དམར་རྫོང་ཡོངས་སུ་གྲོང་རྡལ་1དང་ཤང་8ཡོད། 2013ལོར་ཁང་དམར་རྫོང་གི་སྤྱིའི་མི་འབོར་ཁྲི་3.4ཟིན་ཡོད།

རྫོང་དེར་ཡངས་ཤིང་རྒྱ་ཆེ་བའི་ས་ཆའི་ཐོན་ཁུངས་དང་གཏེར་ཁའི་ཐོན་ཁུངས་ཡོད་པ་མ་ཟད། ད་དུང་ཨ་བྷི་ཥ་དང་། གངས་ལྷ་མེ་ཏོག སྲོ་ལོ་དམར་པོ་སོགས་སྐྱེ་དངོས་ཐོན་ཁུངས་ཡོད་པ་དང་། རྐྱང་དང་། དགོ་བ། གཟིག་སྐྱ།  སྤྱང་ཀི། ཝ་མོ། དབྱི། རི་བོང་སོགས་སྲོག་ཆགས་རིགས་ཡོད་ལ་གོང་མོ་དང་། ཁང་བྱིའུ། ཕུག་རོན་སོགས་འདབ་ཆགས་རིགས་དང་ལྕིབས་ཉ་སོགས་ཉ་རིགས་ཀྱང་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།