རྒྱལ་རྩེ་རྫོང་གི་གནས་ཚུལ་རགས་བསྡུས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:15

རྒྱལ་རྩེ་རྫོང་བོད་ཀྱི་ལྷོ་རྒྱུད་དང་། གཞིས་རྩེ་གྲོང་ཁྱེར་གྱི་ཤར་རྒྱུད། མྱང་ཆུ་གཙང་པོའི་སྟོད་རྒྱུད་དུ་གནས་ཡོད། ས་བབ་ལྷོ་བྱང་གཉིས་མཐོ་ལ་དབུས་ནུབ་དམའ་ཙམ་ཡོད། ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པ་དང་མྱང་ཆུ་གཙང་པོའི་ངོགས་གཉིས་ཀྱི་རོང་ཁུལ་དུ་གནས་པ་དང་ས་བབ་མཐོ་ཤོས་སྨི་7191ཟིན་གྱི་ཡོད། རྒྱལ་རྩེ་རྫོང་ནི་ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་གྱི་གྲས་ཤིག་ཡིན་ལ་གསར་དར་ཡུལ་སྐོར་གྲོང་རྡལ་ཞིག་ཀྱང་ཡིན། རྫོང་མི་དམངས་སྲིད་གཞུང་རྒྱལ་རྩེ་གྲོང་རྡལ་དུ་གནས་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་3771ཟིན་ཡོད།

2008ལོར་རྒྱལ་རྩེ་རྫོང་ཡོངས་སུ་གྲོང་རྡལ་1དང་། ཤང་18 གྲོང་ཚོ་151 ཡུལ་མི་ཨུ་ལྷན་3བཅས་ཡོད། 2006ལོར་རྒྱལ་རྩེ་རྫོང་གི་སྤྱིའི་མི་འབོར་ཁྲི་6.7ཟིན་ཡོད།  2008ལོར་རྒྱལ་རྩེ་རྫོང་དུ་རྩད་ཞིབ་ཐུབ་པའི་གཏེར་ཐོན་ཐོན་ཁུངས་གྲས་སུ་གསེར་དང་། མུ་ཟི། ཆུ་ཤེལ། ཚི་དམ་ས་དཀར་སོགས་ཡོད། རླུང་ནུས་ཐོན་ཁུངས་ཀྱི་ལོ་རེའི་ཆ་སྙོམས་ཀྱི་རླུང་ནུས་འདུས་ཚད་སྨི་ངོས་གྲུ་12.6Wཟིན་གྱི་ཡོད། ས་ཆའི་ཐོན་ཁུངས་གྲས་སུ་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་13.4དང་རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་386ཡོད། དེ་མིན་ཆུ་ནུས་དང་ཉི་ནུས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།