ལྷ་ས་འགག་སྒོ་ལས་ཁུངས་ཀྱིས། འཕར་ཚད་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ཧུར་ཐག་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-06-09 12:21:21

QQ截图20170609121353.png

↑འདི་ནི་སྐྱིད་གྲོང་འགག་སྒོའི“ཕྱོགས་བསྡུས་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་ཡུལ་ཡིན་པ།

↑འདི་ནི་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་གནམ་ཐང་དུ་བཅའ་སྡོད་དོན་གཅོད་ཁྲུའི་ལས་དོན་མི་སྣས་བོད་ལྗོངས་མཁའ་འགྲུལ་གྱིས་ནང་འདྲེན་བྱས་པའི་མཁའ་འགྲུལ་A330རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུར་ཞིབ་བཤེར་བྱེད་པའི་གནས་ཚུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་འཕར་ཚད་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ཧུར་ཐག་བྱས་ཤིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་མཁའ་འགྲུལ་དང་ཚན་རིག་སློབ་གསོའི་ཚན་པར་དཔྱ་ཁྲལ་སྒོར་དུང་ཕྱུར་5.84ཆག་ཡང་དང་རྩ་ཆག་བཏང་བ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”རིང་དང་བསྡུར་ན་ལྡབ་6འཕར་ཡོད།

ལྷ་ས་འགག་སྒོ་ལས་ཁུངས་ཁྲལ་བསྡུ་བསྡོམས་རྩིས་ཁྲུའུ་འགག་སྒོ་དཔྱ་ཁྲལ་ཁོའི་ཁོའོ་ཀྲང་བཀྲ་ཤིས་ཕུན་ཚོགས་ཀྱིས་ཉེ་བའི་ལོ་ཤས་རིང་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་རྒྱག་ས་ཡང་དག་བཙལ་ཏེ་བཅར་འདྲི་དང་བརྟག་ཞིབ་གཏིང་ཟབ་བྱས་ནས་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། གྲུབ་ཆའི་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་ས་གནས་དང་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རྒྱབ་སྐྱོར་གཟིགས་སྐྱོང་སྲིད་ཇུས་ཁག་ཡག་པོ་སྤྱོད་པ་དང་ལྷག་པར་དུ་རང་ཉིད་ཀྱིས་སྤྱོད་པའི་དངོས་ཟོག་གི་འགག་སྒོའི་དཔྱ་ཁྲལ་ཕྱིར་སློག་པ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱོད་རྒྱུར་ཁྲིད་སྟོན་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།