སྐྱིད་གྲོང་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་ཚེ་རིང་གི་ཉིན་མཚན་བཞི།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-01 09:40:55

ཉེན་ཁར་ཐུག་དུས་ཁོང་གིས་ལས་འགན་དང་དུ་བླངས་ནས་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲེན་ཀྲང་བསྡད་མེད་པའི་གནས་ཚུལ་འོག་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་ཏེ་ཚང་མར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས“ཁེར་ཆགས་གླིང་ཕྲན”ཉེན་ཁ་ལས་སྒྲོལ་ཐབས་བྱས།

ཉེན་ཁའི་མདུན་དུ་ཁོང་གིས་སྐྲག་སྣང་སྤུ་ཙམ་ཡང་མེད་པར་མྱུར་བགྲོད་དཀའ་སེལ་བྱས་ནས་མང་ཚོགས་འཚོལ་སྐྱོབ་ནང་ཧུར་ཐག་ཞུགས།

ཉིན་མཚན་བཞི་གཉིད་ལྷོད་ལྷོད་ཅིག་ཉལ་ཁོམ་མ་བྱུང་ནའང་ཁོང་གིས་དཀའ་ངལ་ལ་མ་འཛེམས་པར་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ཐོག་མཐའ་བར་གསུམ་དུ་འབད་འཐབ་བྱས།

ཁོང་གི་བྱས་རྗེས་དེས་མི་སེམས་འགུལ་བར་བྱས། དཀའ་ཚེགས་འཕྲད་སྐབས་ཁོང་གིས་ཏང་ཡོན་ལས་བྱེད་པའི་དཔའ་བོའི་ཉམས་འགྱུར་གང་ལེགས་མངོན་པར་བྱས།

ཁོང་གི་མིང་ལ་ཚེ་རིང་ཞེས་བརྗོད་པ་དང་སྐྱིད་གྲོང་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་དང་མང་ཚོགས་ཚོའི་སེམས་ནང་གི་ལས་བྱེད་པ་ཡག་པོ་ཞིག་རེད།

ཉེན་ཁར་ཐུག་དུས་ལས་འགན་དང་དུ་བླངས་ནས་བཀོད་འདོམས་མཁས་པོ་བྱས་པ།

རང་བྱུང་གནོད་འཚེར་ཡ་ང་སྙིང་རྗེ་མེད། ས་ཡོམ་གནོད་འཚེ་ཡིད་སྐྱོ་གདུག་རྩུབ་ཆེ། ཟླ་4ཚེས་25ཉིན་གྱི་ཆུ་ཚོད་14དང་སྐར་མ་11ཙམ་ལ་ས་ཡོམ་དྲག་པོ་བརྒྱབ་ནས་སྐྱིད་གྲོང་གྲོང་རྡལ་སྐད་ཅིག་ཉིད་ལ“ཁེར་ཆགས་གླིང་ཕྲན”དུ་གྱུར།

སྐབས་དེ་དུས་སྐྱིད་གྲོང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ནེ་པ་ལར་མཉམ་ལས་གྲོས་མཐུན་ཡི་གེར་མིང་རྟགས་འགོད་པའི་གྲོས་མོལ་བྱེད་བཞིན་ཡོད་པ་དང་ཀྲེན་ཀྲང་ས་ཆ་གཞན་དུ་སློབ་སྦྱོང་བྱེད་བཞིན་ཡོད་པས་འགོ་ཁྲིད་གཙོ་བོ་གཉིས་བསྡད་མེད་པའི་སྐབས་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཐོན།

སྐབས་དེར་ཚེ་རིང་གིས་དཔའ་ངར་ཆེར་སྐྱེད་ཀྱི་སྒོ་ནས་སྐྱིད་གྲོང་གྲོང་རྡལ་དུ་ཡོད་པའི་འགོ་ཁྲིད་གཙོ་བོ་སྐད་བཏང་སྟེ་ཡོམ་འགོག་གེགས་སེལ་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། འཕྲལ་མར་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ཏེ་གྲོང་རྡལ་འགོ་ཁྲིད་ཀྱིས་རུ་སྣེ་འཁྲིད་པའི་འཕྲལ་སྒྲུབ་རུ་ཁག་གྲོང་ཚོ(གྲོང་ལྷན)ཁག་ཏུ་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་བྱེད་པར་མངགས། ལས་དོན་བཀོད་སྒྲིག་ཟིན་རྗེས་ཚེ་རིང་གིས་འཕྲལ་མར་གནོད་འཚེའི་གནས་ཚུལ་ཚབས་ཆེ་བའི་སྐྱིད་གྲོང་གྲོང་ལྷན་དུ་ཡོམ་འགོག་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་བསྐྱོད།

“མི་ཡོད་དམ། མི་ཡོད་དམ”ཚེ་རིང་གིས་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་གི་སྣེ་འཁྲིད་དེ་ཁྱིམ་དུད་རེ་རེ་བཞིན་ཉེན་གྱར་མི་སྣ་འཚོལ་སྐྱོབ་བྱས། ཁོང་གིས་གང་ལའང་མི་བལྟོས་པར་མདུན་ཕྱོགས་སུ་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་ཉེན་གྱར་མི་སྣ་འཚོལ་སྐྱོབ་བྱས། ཁོང་གིས་ཚང་མར“རེ་བ་ཕྲན་ཙམ་ཡོད་ཚེ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་འདོན་དགོས”ཞེས་ཡང་ཡང་བཤད།

ཉམས་ཆག་ཆེན་པོ་བྱུང་བའི་སྐྱིད་གྲོང་གྲོང་རྡལ་འདྲེན་བྱེད་ཡུལ་དུ་འཆར་དུས་ཚེ་རིང་ཡིད་ཤིན་ཏུ་སྐྱོ་པོ་བྱུང་ཞིང་། ཁོང་གིས“དཀོན་མཆོག་མཁྱེན། དེ་འདྲའི་ཡ་ང་སྙིང་རྗེ་མེད་པ་ཅི་ཞིག་ཡིན”ཞེས་བཤད། འོན་ཀྱང་ཚེ་རིང་གིས་བློ་རྩ་བརྟན་པོས“མང་ཚོགས་ཚང་མས་ཏང་ཡོན་ལས་བྱེད་པར་རེ་བ་བཅངས་ཡོད། ཏང་ཡོན་ལས་བྱེད་པས་བློ་རྩ་བརྟན་པོ་མ་བྱས་ན་མང་ཚོགས་ཇི་ལྟར་བྱེད་དགོས་སམ”ཞེས་བཤད།

འཁྱུག་ཙམ་ལ་ཉིན་གཉིས་པའི་ཐོ་རེངས་ཆུ་ཚོད་ལྔ་པ་ཟིན། མང་ཚོགས་ཚང་མ་བཀོད་སྒྲིག་འོས་འཚམ་བྱུང་བ་མཐོང་རྗེས་ངལ་དུབ་ཀྱིས་མནར་བའི་ཁོང་གཞི་ནས་རང་ཁྱིམ་དུ་ལོག ཁྱིམ་དུ་སླེབས་མ་ཐག་ངལ་གསོ་མ་བརྒྱབ་པར་ནང་མིར་སེམས་གསོ་བཏང་རྗེས་སླར་ཡང་ཛ་དྲག་པའི་ཡོམ་འགོག་གེགས་སེལ་ལས་དོན་ནང་ཞུགས་འགོ་ཚུགས།

ཉིན་མཚན་བཞི་གཉིད་ལྷོད་ལྷོད་ཅིག་ཁུག་རྒྱུ་མ་བྱུང་རུང་ཁོང་ལ་ངལ་དུབ་ཀྱི་སྣང་བ་གཏན་ནས་མེད་པར“ངལ་གསོ་མི་རུང་། ངལ་གསོ་མི་རུང་། རང་ཉིད་ཀྱིས་ད་དུང་བྱ་བ་མང་པོ་ཞིག་སྒྲུབ་དགོས་ངེས་ཡིན”

ལས་འགན་ལྕི་པོ་ཕྲག་ཐོག་ཏུ་འཁུར་ནས་མདུན་ཕྱོགས་སུ་བསྐྱོད་པ།

“གནས་གྲོང་ཚོའི་ཛ་དྲག་སྐྱབས་ཞུ། གནས་གྲོང་ཚོའི་ཛ་དྲག་སྐྱབས་ཞུ”གནས་གྲོང་ཚོ་ནི་ད་ཐེངས་ཀྱི་ས་ཡོམ་ཁྲོད་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་གྲོང་ཚོའི་གྲས་ཤིག་ཡིན་ཞིང་། ས་ཡོམ་ནང་མི་26རྐྱེན་ལམ་དུ་ཤོར་བའི་ཁྲོད་གནས་གྲོང་ཚོའི་མི་4ཡོད་པ་དང་90%ཡན་གྱི་ཁང་པ་བརྡིབས་ཡོད་པས་གནས་གྲོང་ཚོ་སྐད་ཅིག་ཉིད་ལ་ཞིག་རོར་གྱུར་ཡོད་ཅེས་ཤོད་ཆོག

སྐབས་དེ་དུས་གནས་གྲོང་ཚོར་སྐྱོད་སའི་གཞུང་ལམ་ཚང་མ་འགག་ཡོད་པས་གནས་གྲོང་ཚོར་སྐྱོད་དགོས་ན་ནུབ་ངོས་རི་ཆེན་ཐོག་གི་འཕྲང་ལམ་གུ་དོག་པོ་དེ་ལས་མེད་སྟབས་ལམ་བར་དུ་གྲོག་རོང་མང་པོ་བརྒྱུད་དགོས་ཀྱི་ཡོད།

གནས་གྲོང་ཚོའི་ཛ་དྲག་སྐྱབས་ཞུ་ཐོས་རྗེས་ཚེ་རིང་གིས་སླར་ཡང་དཔའ་ངར་ཆེན་པོས“ངས་རུ་སྣེ་འཁྲིད་དེ་ཕྱིན་ཆོག”ཅེས་བཤད།

ཟླ་4ཚེས་25ཉིན་གྱི་ཆུ་ཚོད་16ཙམ་ལ་ཚེ་རིང་གིས་འཕྲལ་སྒྲུབ་རུ་མི་7འཁྲིད་དེ་རྡོག་ཐོན་བྱས། ཁོང་ཚོས་ཆུ་ཚོད་གཉིས་ནང་སྤྱི་ལེ་15བསྐྱོད་ཡོད།

གནས་གྲོང་ཚོར་འབྱོར་རྗེས་ཚེ་རིང་གིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ངག་བསྟན་གྱི་སྣེ་ཁྲིད་འོག་འཕྲལ་མ་ཉིད་དུ་རྐྱེན་ལམ་དུ་ཤོར་བའི་ནང་མིའི་འགྲམ་དུ་ཕྱིན་ནས་ཁོང་ཚོར་སེམས་གསོ་བཏང་།

རྐྱེན་ལམ་དུ་ཤོར་བའི་ནང་མིའི་སེམས་རྣལ་དུ་ཕབ་འཕྲལ་ཚེ་རིང་གིས་མང་ཚོགས་ཁྲོད་བསྐྱོད་དེ་ཁོང་ཚོར་སེམས་གསོ་བཏང་བ་དང་ཚང་མར“ཏང་དང་སྲིད་གཞུང་ལ་ཡིད་ཆེས་བྱེད་དགོས། ཏང་དང་སྲིད་གཞུང་ཡོད་པས་ཚང་མ་སྣང་དག་ཡོང་གི་མ་རེད”ཅེས་ཡང་ཡང་བཤད།

སྨན་པ་དང་སྨན་འདང་གི་མེད་པ་མཐོང་སྐབས་ཁོང་གིས་གྲོང་རྡལ་འཕྲོད་བསྟེན་ཁང་ནས་གང་མགྱོགས་སྨན་བཅོས་རུ་ཁག་གཏོང་དགོས་པའི་རེ་བ་བཏོན།

གནས་གྲོང་ཚོའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱུང་རྗེས་གྲོང་རྡལ་ནང་ད་དུང་ལས་ཀ་མང་པོ་ཐག་གཅོད་བྱ་རྒྱུར་ལུས་ཡོད་པས་ཁོང་གིས་འཕྲལ་མར་ཕྱིར་ལོག་བྱས།

འགལ་བ་སེལ་བའི་ཐད་བྱང་གོམས་ཧ་ཅང་ཆེ་བ།

དོན་དག་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་ཐོན་ཞིང་། གནས་གྲོང་ཚོའི་དོན་དག་ཐག་གཅོད་བྱུང་མ་ཐག་གྲ་གྲོང་ཚོར་གནད་དོན་ཐོན་ཡོད།

གྲ་གྲོང་ཚོ་ནི་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་ཁུལ་ས་ལེབ་ཤང་དུ་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན་མོད། འོན་ཀྱང་ཡོམ་འགོག་གེགས་སེལ་དངོས་ཟོག་གྲ་གྲོང་ཚོར་དབོར་དུས་ལམ་འགག་ནས་དེ་གར་ལུས།

ཟླ་4ཚེས་26ཉིན་གྱི་ཆུ་ཚོད་13ལ་ཁ་པར་བླངས་རྗེས་ཚེ་རིང་བྲེལ་བརྩོན་ཆེན་པོས་གྲ་གྲོང་ཚོར་བསྐྱོད།

“ཡུལ་མི་སྤུན་ཟླ་ཚོ། ཏང་དང་སྲིད་གཞུང་ལ་ཡིད་ཆེས་བྱེད་དགོས། གེགས་སེལ་དངོས་ཟོག་མི་ཚང་མར་ཡོད། ས་ལེབ་ཤང་ནི་གནོད་འཚེ་ཚབས་ཆེན་ཕོག་ཁུལ་ཞིག་ཡིན། ཁོང་ཚོར་དངོས་ཟོག་འདི་དག་དེ་བས་དགོས་མཁོ་ཆེ་བས་ཚང་མས་རྒྱབ་སྐྱོར་བྱེད་རོགས། ང་ཚོར་དངོས་ཟོག་ལམ་སེང་འབྱོར་གྱི་རེད”ཅེས་ཤོད་སྐབས་གྲ་གྲོང་ཚོའི་གྲོང་མི་ཚོས་ལམ་བཤངས་རོགས་བྱས།

“མང་ཚོགས་ཀྱི་དོན་དག་ཡིན་ཕྱིན་ཆུང་ཆུང་མ་རེད། དོན་དག་དེ་རིགས་ཐག་གཅོད་ཡག་པོ་མ་བྱུང་ཚེ་གནས་ཚུལ་ཆེན་པོ་ལྷག་གི་རེད”མང་ཚོགས་ཀྱིས་ལམ་བཤངས་རོགས་བྱས་པ་བརྒྱུད་ཚེ་རིང་གིས་འཕྲལ་མར་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག གྲོང་མིའི་འཐུས་མི། ཕྱི་འོང་མི་སྣའི་འཐུས་མི་བཅས་སྒྲིག་འཛུགས་ཀྱིས་ཚོགས་འདུ་འཚོགས་ནས་མཉམ་དུ་ཞིབ་འཇུག་བྱས། ཚོགས་འདུའི་ཐོག་ཁོང་གིས་ཡོམ་འགོག་གེགས་སེལ་བྱེད་པར་ངེས་པར་དུ་སྒྲིག་ཁྲིམས་དང་ལྡན་པ་ཞིག་དགོས་པས་ཚང་མས་མང་ཚོགས་ཚོར་གེགས་སེལ་དངོས་ཟོག་སྔོན་ལ་གནོད་འཚེ་ཚབས་ཆེན་ཕོག་ཁུལ་དུ་གཏོང་དགོས་པའི་སློབ་གསོ་ཡག་པོ་རྒྱག་དགོས་ཞེས་ཡང་ཡང་བཤད།

གཞན་ཡང་ཁོང་གིས་གྲ་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་གེགས་སེལ་དངོས་ཟོག་སྤྲོད་སྐབས་ངེས་པར་དུ་དྲང་གཞག་དང་། དྲང་སྙོམས། ཡོངས་བསྒྲགས་བཅས་ཡོང་བ་བྱེད་དགོས་པའི་བསླབ་བྱ་ཡང་ཡང་བྱས། མང་ཚོགས་བློ་ཡིད་ཚིམ་མིན་དེ་ཡོམ་འགོག་གེགས་སེལ་ལས་དོན་ལ་གྲུབ་འབྲས་གང་འདྲ་ཐོབ་མིན་གྱི་གཞི་འཛིན་ས་ཞིག་ཡིན་པས་ཡོམ་འགོག་གེགས་སེལ་ལས་དོན་དེ་ངེས་པར་དུ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་དམིགས་ནས་བསྒྲུབ་དགོས་ཞེས་བཤད།

གྲ་གྲོང་ཚོར་སླེབས་པ་ནས་ཕྱིར་ལོག་མ་བྱས་བར་སྔ་རྗེས་སུ་ཆུ་ཚོད་གསུམ་ཡང་འགོར་མེད། ཚེ་རིང་གིས་རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་རིམ་ཁག་འགོ་ཁྲིད་ཀྱི་ཁས་ལེན་ཐོབ་པ་བྱས། ཚང་མས་ཁོང་ལ“འཇོན་པོ་འདུག”ཅེས་བཤད་པ་དང་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བསྔགས་བརྗོད་ཐོབ་ནས་ཚང་མས“ལས་བྱེད་པ་འདི་ལྟ་བུ་ནི་ངོ་མ་ལས་བྱེད་པ་ཡག་པོ་ཞིག་རེད”ཅེས་ཤོད་ཀྱི་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།