ས་དགའ་རྫོང་གིས“མིང་བྱང་བཀལ་ནས་ཏང་ཡོན་དུད་ཚང་གི་གདོང་ལེན་ནུས་པ་འདོན་པའི”བྱེད་སྒོ་སྤེལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-01 09:40:55

ཉེ་ཆར་གསར་འགོད་པར་ས་དགའ་རྫོང་ནས་ཤེས་རྟོགས་བྱུང་བར་གཞིཌ་ན། གྲོང་ཚོ་རིམ་པའི་ཏང་ཡོན་གྱི་གདོང་ལེན་འདུ་ཤེས་ཟབ་པོ་མེད་པ་དང་ནུས་པ་འདོན་ཚད་མི་འདང་བའི་གནད་དོན་ལ་དམིགས་ཏེ་རྫོང་དེས“མིང་བྱང་བཀལ་ནས་ཏང་ཡོན་དུད་ཚང་གི་གདོང་ལེན་ནུས་པ་འདོན་པའི”བྱེད་སྒོ་སྤེལ་ནས་གྲོང་ཚོ་རིམ་པའི་ཏང་ཡོན་གྱིས་ཡོངས་བསྒྲགས་ངང་ཁས་ལེན་དང་བྱ་བ་དངོས་བསྒྲུབ་རྒྱུར་ཁྲིད་སྟོན་བྱས་ཡོད་པ་རེད།

“ཏང་ཡོན་དུད་ཚང”གི་མིང་བྱང་བཀལ་བ། རྫོང་དེས“གུང་ཁྲན་ཏང་ཡོན་གྱི་དུད་ཚང་བྱང་བུ”གཅིག་གྱུར་ཐོག་བཟོས་པ་དང་ཁྱིམ་དུ་ཏང་ཡོན་ངོ་མ་གཅིག་ཡན་ཡོད་པའི་ཞིང་འབྲོག་དུད་ཚང་གི་སྒོ་ཁར་གཅིག་གྱུར་ཐོག་བཀལ་ནས་ཏང་ཡོན་གྱི་མིང་དང་འབྲེལ་བ་བྱེད་སྟངས་སོགས་བྲིས་ནས་རྒྱ་ཆེའི་གྲོང་ཚོ་རིམ་པའི་ཏང་ཡོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་རྒྱུར་ཁྲིད་སྟོན་བྱས་ཡོད། མིག་སྔར་རྫོང་དེའི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་38ཀྱི་ཏང་ཡོན་དུད་ཚང་803ལ་མིང་བྱང་བཀལ་བའི་ཐོག་ནས་སྤྱི་ཚོགས་ལ་ཏང་ཡོན་གྱི་ཐོབ་ཐང་མངོན་པར་བྱས་ཡོད།

“ཁས་ལེན་ཡི་གེ”ཡོངས་བསྒྲགས་བྱས་པ། ཡོངས་བསྒྲགས་ངང་ཁས་ལེན་བྱེད་པའི་ནང་དོན་དེར་ཏང་རྩ་འཛུགས་ཀྱིས་ཞིབ་བཤེར་གཏན་འཁེལ་དང་ཏང་ཡོན་དུད་ཚང་གི་ཁོངས་མིས་ཐུན་མོང་ཐོག་མིང་རྟགས་བཀོད་རྗེས་ཁས་བླངས་པའི་ཞིབ་ཕྲའི་བྱ་བ་དང་བྱ་ཐབས། ལེགས་སྒྲུབ་དུས་བཅད་བཅས་གྲོང་ཚོ་དང་ཚོགས་ཆུང་དུ་གཅིག་སྡུད་ངང་ཡོངས་བསྒྲགས་བྱས་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཡོད།

“གདོང་ལེན་ལས་གནས”རྩིས་བླངས་པ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་བརྟེན་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས“སྲིད་ཇུས་དྲིལ་བསྒྲགས་ཀྱི་ལས་གནས”དང“སྲིད་ཇུས་དོན་འཁྱོལ་གྱི་ལས་གནས”“གྲོང་ཚོའི་བཀོད་པ་སྲུང་བའི་ལས་གནས” “རྩོད་གཞི་འདུམ་འགྲིག་གི་ལས་གནས” “དབུལ་པོར་རོགས་སྐྱོར་གྱི་ལས་གནས”སོགས་གདོང་ལེན་ལས་གནས་ཁག་5བཙུགས་ཡོད་པ་དང་ལས་གནས་མེད་པའི་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་རང་ཉིད་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་ལས་གནས་གཅིག་ནས་གཉིས་བར་རྩིས་བླངས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།