སྣེ་གདོང་རྫོང་གིས་རྒྱུན་རྣམ་གསར་པ་དང་འཚམ་པའི་འཆར་གཞི་གསར་པ་བཀོད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-06-01 09:40:56

ད་ལོ་སྣེ་གདོང་རྫོང་གིས་དོན་དངོས་ལ་གཞི་ཚུགས་པ་དང“བརྟན་ཐོག་ཡར་འཕེལ”གྱི་ལས་ཀའི་སྤྱིའི་རྩ་དོན་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱེད་པ་དང་སྦྲགས། མ་འཇོག་སྣེ་ཁྲིད་དང་། ཐོན་ལས་འདེགས་སྐྱོར། མང་ཚོགས་འབབ་འཕར། སྒྱུར་བཅོས་སྒོ་དབྱེ། ཁྲིམས་སྐྱོང་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་བྱེད་ཤུགས་ཆེ་རུ་བཏང་ནས། 2015ལོ་དེ་འཕེལ་རྒྱས་ཚད་བརྒལ་ལོར་བརྩིས་ཏེ་ལས་ཀའི་བྱེད་ཐབས་ཤུགས་ཆེར་གཏོང་བ་དང་ལས་འགན་ཁ་གསལ་བཟོས་ཏེ་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་མ་ཏན་ཏིག་གཏོང་རྒྱུ་ཡིན་པ་རེད།

སྣེ་གདོང་རྫོང་གི་རྫོང་དཔོན་བསོད་ནམས་སྐལ་བཟང་གིས། 2015ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ལོ་དང་། སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་ལོ། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགོ་འཛུགས་ལོ་བཅས་རེད་ལ། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཕྱོགས་ཡོངས་ནས་ལེགས་གྲུབ་ཡོང་བའི་མཇུག་འགྲིལ་་ལོའང་ཡིན་པས། ད་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ད་ལོ་རྫོང་ཡོངས་ཀྱིས་ཐོན་སྐྱེད་རིན་ཐང་བསྡོམས་སྒོར་དུང་ཕྱུར་37.8(ས་ཁུལ་ཐད་གཏོགས་ཚུད་པ)དང་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་1.12ལེགས་གྲུབ་ཡོང་བའི་ཁར། ཞིང་འབྲོག་པ་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.13ལོན་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་ཤོད་ཀྱི་འདུག

འཆར་འགོད་བཟོས་ཟིན་པས་ལག་ལེན་བསྟར་བར་འབད་བརྩོན་ཆེན་པོ་བྱེད་དགོས། དེར་བརྟེན་སྣེ་གདོང་རྫོང་གིས་ནུས་ཤུགས་ཡོད་རྒུས“ཚད་བརྒལ་གསུམ་མངོན་འགྱུར་ཡོང་བ་བྱེད་པ་དང་། ཆུ་ཚད་གཉིས་མཐོ་རུ་གཏོང་བ། གསང་ཐིག་གཅིག་བརྟན་སྲུང”བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མངོན་མིན་སྟོབས་ཤུགས་རྒྱུན་ཆད་མེད་པར་གསར་འབྱེད་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ལེགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་སྣེ་གདོང་འཛུགས་སྐྱོང་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ཐོན་ལས་འཕེལ་རྒྱས་ལ་ཚད་བརྒལ་ཆེན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། “ན་ལས་དང་་ང་མར་གང་བ་དང་། ན་ལས་གས་པ་་ཆེར་གང་བ། ན་ལས་གམ་པ་བས་ར་གང་བ”བཅས་ཀྱི་བླང་བྱ་གཞིར་བཟུང་། ནུས་ཤུགས་ཡོད་རྒུས་ཐོན་ལས་བཟང་སྒྲིག་རིམ་སྤར་ལ་སྐུལ་འདེད་གཏོང་བ་དང་རང་ངོས་ཀྱི་འཕེལ་རྒྱས་གཏོང་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་མ་ཟད། ནུས་ཤུགས་ཡོད་རྒུས་ཐོན་ལས་དང་པོའི་ཆུ་ཚད་མཐོ་རུ་གཏོང་བ་དང“སྐུལ་གཏོང་གསུམ”གྱི་ལས་ཀའི་གོམ་སྟབས་མགྱོགས་སུ་བཏང་ནས་ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ་དང་ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་རྒྱུ་ཡིན་པ་རེད།

དམངས་འཚོ་ལེགས་གཏོང་ཐད་ཚད་བརྒལ་གསར་པ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། སྤྱི་ཚོགས་བྱ་གཞག་གང་མགྱོགས་འཕེལ་རྒྱས་གཏོང་བ་དང“གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་བ་དང་། སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་བ། དམངས་འཚོ་འགན་ལེན་ལེགས་པར་བྱེད་པ། ཉམས་ཞན་ཚོགས་སྤྱིར་གཅེས་སྐྱོང་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་པ”བཅས་ཀྱི་འདུ་འགོད་ཆེ་ཁག་ལྔ་ལག་བསྟར་ཤུགས་ཆེན་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་འདོམས་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་བཏང་ནས་2015ལོར་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་13%འཕར་བ་དང་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་2300མན་ལས་མེད་པའི་མི་འབོར་དབུལ་པོ་1686གི་ཡོང་འབབ་འཕར་བའི་འགན་ལེན་བྱེད་པ་དང་། “སློབ་གསོའི་སྤུས་ཚད་མཐོར་གཏོང་ལོ”དེ་གཞི་འཛིན་སར་བྱས་ནས་རིམ་པ་དེ་གའི་ནོར་སྲིད་ཀྱིས་སློབ་གསོར་སྔོན་རྩིས་མ་འཇོག་དང་རོགས་སྐྱོར་དང་སྐུལ་གཏོང་གི་འབྲེལ་ཡོད་སྲིད་ཇུས་ནན་ཏན་ངང་དོན་འཁྱོལ་ཡག་པོ་བྱེད་པ་དང་། འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ། དམངས་འཚོ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་འགན་ལེན་དང་། སྤྱི་ཚོགས་རོགས་སྐྱོབ། ལས་ཞུགས་ལ་སྐུལ་གཏོང་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དེ“འགན་ལེན་བྱེད་འོས་པ་ཚང་མ་འགན་ལེན”བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད་95%ལོན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་འགན་བཅོལ་ཆེ་ཁག་ལྔ་བསྡུ་ལེན་བྱེད་ཚད་100%ལོན་པའི་འགན་ལེན་བཅས་བྱ་རྒྱུ་མ་ཟད། དམངས་འཚོའི་འདུ་འགོད་ལག་ལེན་བསྟར་བ་དང་ནོར་སྲིད་མ་དངུལ་དེ་གཞི་རིམ་དང་དམངས་འཚོར་ཕྱོགས་པ་བྱས་ཏེ་ད་ལོ་མ་དངུལ་སྒོར་ཁྲི་5300ལྷག་ཙམ་བཀོད་སྒྲིག་བྱས་ནས“དམངས་འཚོའི་འདུ་འགོད་ཆེ་ཁག་བཅུ”ལག་ལེན་ཤུགས་ཆེན་བསྟར་རྒྱུའི་འཆར་གཞི་ཡོད་པ་རེད།

རྣམ་གྲངས་མ་འཇོག་ཐད་ཚད་བརྒལ་ཆེན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་དེད་གཏོང་བ། གནད་ཆེའི་རྣམ་གྲངས་འཛུགས་སྐྲུན་མང་བའི་ལོའི་གོ་སྐབས་དམ་འཛིན་གྱིས་ཆེ་སྒྲུབ་དཀའ་སྒྲུབ་བྱས་ནས་འབྲེལ་ཡོད་སྡེ་ཚན་གྱིས་རྣམ་གྲངས་ཀྱི་དུས་འགོ་དང་། རྣམ་གྲངས་ལག་བསྟར་བྱེད་རིང་། རྣམ་གྲངས་གསོག་འཇོག རྣམ་གྲངས་དོ་དམ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་གནད་ཆེའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་དུས་མཚུངས། དུས་ཚོད་དམ་འཛིན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་སྒྲིག་བཟོ་བྱེད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”རྣམ་གྲངས་མཛོད་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་རྣམ་གྲངས་སྲིད་ཇུས་ཀྱི་བླང་བྱ་དང་མཐུན་པ་དང་སྣེ་གདོང་གི་དོན་དངོས་དང་མཐུན་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

སྤྱི་ཚོགས་བཅོས་སྐྱོང་བྱེད་ཚད་ནུས་ཤུགས་ཡོད་རྒུས་མགྱོགས་སུ་གཏོང་བ། ཁྲིམས་སྐྱོང་སྣེ་གདོང་འཛུགས་སྐྱོང་ལ་དམ་པོར་དམིགས་པ་དང་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཁྲིམས་སྐྱོང་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་འགན་འཁྲི་དང་པོ་དང་ལྡོག་མེད་ཀྱི་ལས་འགན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་སྔར་བས་ཤུགས་ཆེར་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་ལམ་གཟབ་ནན་དུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

གསང་ཐིག་གཅིག་བརྟན་སྲུང་བྱས་ནས་མཛེས་སྡུག་ལྡན་པའི་སྣེ་གདོང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། ལྷོ་ཁ་ས་ཁུལ་དེ་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་སྔོན་སྐྱོད་དཔེ་སྟོན་ཁུལ་ནང་བཅུག་པ་དེ་གོ་སྐབས་བཟང་པོ་ཞིག་ཏུ་བརྩིས་ནས་སྣོད་བཅུད་སྟོབས་ལྡན་རྫོང་གི་འཐབ་ཇུས་ལག་ལེན་ཤུགས་ཆེར་བསྟར་བ་དང་མཛེས་སྡུག་ལྡན་པའི་སྣེ་གདོང་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་ཡག་པོ་བསྐྲུན་རྒྱུ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་འདུ་འགོད་ལ་ཤུགས་སྣོན་རྒྱག་པ། རྨོ་ཞིང་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱ་རྒྱུ་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།