ན་ནིང་གམ་པ་རྫོང་གི་དཔལ་འབྱོར་ལ་ཚད་བརྒལ་གསར་པ་བྱུང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-04-17 10:41:21

2014ལོར་གམ་པ་རྫོང་གིས་རྣམ་གྲངས་ལ་བརྟེན་ནས་སྐུལ་འཁྲིད་བྱ་རྒྱུ་དང་། ཐོན་ལས་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཕན་ཚུན་སྐུལ་འདེད་གཏོང་རྒྱུ། དམངས་འཚོར་སྐུལ་སྤེལ་གཏོང་རྒྱུ། འགན་འཁྲི་ཁ་གསལ་བཟོས་ནས་སྐུལ་འདེད་གཏོང་རྒྱུ། ཏང་འཛུགས་ལ་བརྟེན་ནས་སྐུལ་འཁྲིད་བྱ་རྒྱུ་བཅས་དམ་འཛིན་བྱེད་སར་བྱེད་པ་དང་། “ལུག་གཅིག་དང་། ཆུ་བོ་གཅིག ཡུལ་ལྗོངས་གཅིག”བཅས་ཀྱི་ཁྱད་ལྡན་ཐོན་ལས་གསར་སྤེལ་བསམ་ཕྱོགས་གསར་པ་གཏོད་པ། གོ་སྐབས་དམ་འཛིན་དང་དངོས་འཛིན་དངོས་སྒྲུབ་བྱེད་པ་བཅས་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཁག་ལེགས་པར་བསྒྲུབས་ཡོད་པ་རེད།

དཔལ་འབྱོར་འཕེལ་རྒྱས་ཐད་ཚད་བརྒལ་གསར་པ་བྱུང་ཞིང་། 2014ལོར་རྫོང་དེ་ཡོངས་ཀྱིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་22500བཏོད་པ་དེ་ལོ་གོང་མའི་དུས་མཚུངས་ལས་12.87%འཕར་བ་དང་། རྣམ་གྲངས་128ལག་ལེན་བསྟར་བ་དང་ཁྱོན་མ་དངུལ་སྒོར་ཁྲི་35194.87བཏང་བ་དེ་ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར་1ཙམ་མང་དུ་སོང་ནས་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་ཞིག་ལ་སླེབས་པ། ལོ་ཧྲིལ་པོར་གཏན་འཇགས་མ་རྩ་སྒོར་ཁྲི་20618བཏང་བ་དེ་ལོ་གོང་མའི་དུས་མཚུངས་ལས་16.5%འཕར་བ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་6900ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་15%ཡན་འཕར་ཡོད་པ་བཅས་རེད།

ནོར་ཁྲལ་ཡོང་འབབ་ཐད་ཚད་བརྒལ་གསར་པ་བྱུང་ཞིང་། 2014ལོར་རྫོང་དེ་ཡོངས་ཀྱིས་སྤྱིར་བཏང་རང་བཞིན་གྱི་ས་གནས་ནོར་སྲིད་ཡོང་འབབ་སྒོར་ཁྲི་892བཏོད་པ་དེ་ལོ་གོང་མའི་དུས་མཚུངས་ལས་44.1%འཕར་བ་དང་ཁྲལ་འབབ་ཁག་སྒོར་ཁྲི་1284བཏོད་པ་དེ་ལོ་གོང་མའི་དུས་མཚུངས་ལས་33.33%འཕར་ནས་སྒོར་ཁྲི་ཆིག་སྟོང་གི་འགག་སྒོ་ལས་ཐེངས་དང་པོ་བརྒལ་ཡོད་པ་རེད།

ཚོང་འདུས་གྲོང་སྡེ་འཛུགས་སྐྲུན་ཐད་ཚད་བརྒལ་གསར་པ་བྱུང་ཞིང་། 2014ལོ་ནི་གམ་པ་རྫོང་གི“ཚོང་འདུས་གྲོང་སྡེའི་འཛུགས་སྐྲུན་ལོ”ཡིན་ཞིང་། རྫོང་དེས“ཁྱོན་ཡོངས་འཆར་འགོད་དང་། ཤང་གྲོང་མཉམ་སྒུལ། ཐོན་ལས་རོགས་སྐུལ། མང་ཚོགས་རང་མོས”བཅས་ཀྱི་ལས་དོན་བསམ་ཕྱོགས་ལྟར“བརྒྱད་འཛོམས་ཞིང་དུད”འདུ་འགོད་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་སོགས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཚོང་འདུས་གྲོང་སྡེ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། 2014ལོར་རྫོང་དེ་ཡོངས་ཀྱིས་ཚོང་འདུས་གྲོང་སྡེ་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི་4200གྲབས་གཤོམ་བྱས་པ་དང་དུད་ཚང་རེར་ཁ་གསབ་སྒོར་ཁྲི་4སྤྲད་ནས་ཤང་གྲོང་5དང་། གྲོང་ཚོ་10 དུད་ཚང་681བཅས་ཀྱི་ཚོང་འདུས་གྲོང་ཚོ་འཛུགས་སྐྲུན་བྱས་ཡོད་པ་རེད།

ཁྱད་ལྡན་ཐོན་ལས་གསར་སྤེལ་ཐད་ཚད་བརྒལ་གསར་པ་བྱུང་ཞིང་། རྫོང་དེས་གམ་པའི་ལུག་གི་ཐོན་རྫས་སྐྱེ་ལྡན་ཐོན་རྫས་དང་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་སུ་གཏན་འཁེལ་ཐུབ་རྒྱུའི་ཞུ་ཡིག་ཕུལ་བ་དང་། གམ་པ་རྫོང་གི་གམ་པའི་ལུག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས་པ། ཕེ་ཆང་སྣོད་བཅུད་ཤ་རིགས་ཚད་ཡོད་འགན་འཁྲི་ཀུང་སི་དང《གམ་པའི་ལུག་བྲིན་ཚོང་གན་རྒྱ》དང《གམ་པའི་ལུག་གི་ཚོང་རྟགས་བེད་སྤྱོད་གྲོས་མཐུན་ཡི་གེ》བཞག་ཡོད། དུས་མཚུངས་སུ་གམ་པའི་ལུག་གི་དྲ་ཐོག་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱ་ཆེད། 2014ལོའི་ཟླ་ལྔ་པར་རྫོང་དེས“གམ་པའི་ལུག”དང“བོད་ཀྱི་གམ་པའི་ལུག”ཅེས་པའི་ཐ་སྙད་གཉིས་དྲ་བའི་ཁོངས་མིང་6ཏུ་ཐོ་འགོད་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།